གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་དང་དབུལ་སྒྲོལ་ཕྱུག་འགྱུར།

བྱམས་པ་འཚོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-16


        རྔ་བ་ཁུལ་ཛམ་ཐང་རྫོང་ནི་སི་ཁྲོན་དང་ཀན་སུའུ། མཚོ་སྔོན་བཅས་ཀྱི་མཐའ་མཚམས་སུ་ཆགས་ཡོད་ལ། རྔ་བ་ཁུལ་གྱི་འགྲིམ་འགྲུལ་སོགས་ཀྱི་ཆ་རྐྱེན་ཞན་ཞིང་། ཆེས་རྗེས་ལུས་དང་དབུལ་ཕོངས་ཀྱི་རྫོང་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་དབུལ་སྐྱོར་བྱ་ཡུལ་གཙོ་བོའི་གྲས་ཡིན། ཉེ་བའི་ལོ་ཤས་རིང་དུ་ཛམ་ཐང་རྫོང་གིས་རྒྱལ་ཁབ་ཀྱི་ཀྲུང་ཧྭ་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་འཕེལ་རྒྱས་གཏོང་བའི་ལས་གཞི་ལག་བསྟར་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ། རིག་གནས་ལ་བརྟེན་ནས་དབུལ་སྐྱོར་ལས་དོན་སྒྲུབ་པ་དང་། བརྒྱུད་སྦྱོང་རྟེན་གཞི་འཛུགས་སྐྱོང་ལ་བརྟེན་ནས་ཐོན་སྐྱེད་རང་བཞིན་སྲུང་སྐྱོབ་བྱེད་བཞིན་ཡོད། སྙིང་སྟོབས་དང་རིག་སྟོབས་གསོ་སྦྱོང་ལ་བརྟེན་ཏེ་གཟུགས་འདས་ཤུལ་བཞག་རིག་གནས་དང་དབུལ་སྐྱོར་ལས་དོན་ཟུང་འབྲེལ་གྱི་རྣམ་པ་བརྒྱུད་ནས་ཆེས་དབུལ་ཕོངས་ས་ཁུལ་དང་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་གཏོང་ཐབས་གསར་བ་ཞིག་འཚོལ་ཞིབ་བྱེད་བཞིན་ཡོད།

        སྤང་ཐོག་དགོན་པའི་བཀའ་བསྟན་རྡོ་བརྐོས་མ་ནི་ཆིང་རྒྱལ་རབས་སྐབས་སུ་བརྐོས་པ་དང་། སྐབས་དེར་རྡོ་རྐོ་བ་དྲུག་ཅུ་ལྷག་གིས་ལོ་ངོ་དགུའི་རིང་ལ་བརྐོས་ནས་ལེགས་འགྲུབ་བྱུང་བ་ཡིན་པས། དེ་ལ་ཆོས་རིག་དང་སྒྱུ་རྩལ་ཞིབ་འཇུག་གི་རིན་ཐང་ཆེན་པོ་ཡོད། རྡོ་བརྐོས་ལག་རྩལ་རྒྱུད་འཛིན་བྱེད་པར་ཛམ་ཐང་རྫོང་གིས་རྒྱུད་འཛིན་པར་བརྟེན་ཏེ་རྡོ་བརྐོས་ལག་རྩལ་གྱི་བརྒྱུད་སྦྱོང་ཁང་བཙུགས་པ་རེད། ཁོའི་མིང་ལ་པདྨ་ནོར་བུ་ཟེར་ཞིང་། ཛམ་ཐང་རྫོང་གི་རྡོ་བརྐོས་ལག་རྩལ་གྱི་རྒྱུད་འཛིན་པ་དང་། སྤང་ཐོག་དགོན་པའི་རྡོ་བརྐོས་བརྒྱུད་སྦྱོང་ཁང་གི་འགོ་གཙོ་རེད། ང་ཚོ་གསར་འགོད་ཚོ་ཆུང་རྡོ་བརྐོས་བརྒྱུད་སྦྱོང་ཁང་དུ་འབྱོར་དུས་ཁོས་ཁྲིན་ཏུའུ་ཡི་ཉོ་མཁན་ཞིག་གིས་སྐུལ་བའི་རྡོ་བརྐོས་ཤིག་རྐོ་བཞིན་འདུག  སྤང་ཐོག་དགོན་པའི་རྡོ་བརྐོས་སྙན་གྲགས་ཀྱི་དབང་གིས་རྡོ་བརྐོས་བརྒྱུད་སྦྱོང་ཁང་གིས་ཅུང་གཏན་འཇགས་ཡིན་པའི་དཔལ་འབྱོར་ཡོང་འབབ་འཚོལ་བཞིན་ཡོད།

        མིག་སྔར་ས་གནས་ཀྱི་མི་ལྔ་བཅུ་ལྷག་གིས་དེ་རུ་ལག་རྩལ་སྦྱོང་བཞིན་ཡོད་པ་དང་། ལག་རྩལ་གྱི་རིན་ལ་ཉིན་རེར་སྒོར་ཉིས་བརྒྱ་ནས་སུམ་བརྒྱ་ལེན་ཐུབ་པ་རེད། རྡོ་བརྐོས་ལག་རྩལ་རྒྱུད་འཛིན་ཡག་པོ་བྱེད་པ་དང་། ས་གནས་ཀྱི་དཔལ་འབྱོར་ལ་ཕན་འབྲས་ཐོབ་ཆེད། ཛམ་ཐང་རྫོང་ཏང་ཨུ་དང་སྲིད་གཞུང་གིས་མ་དངུལ་བསྡུ་རུབ་བྱས་ནས་རྡོ་བརྐོས་བརྒྱུད་སྦྱོང་ཁང་ལ་བརྒྱུད་སྦྱོང་རྟེན་གཞི་དང་རྡོ་བརྐོས་སྤྱི་གླིང་འཛུགས་སྐྲུན་བྱེད་བཞིན་ཡོད།
        གཟུགས་འདས་ཤུལ་བཞག་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་བཏང་བ་བརྒྱུད་དེ་དཔལ་འབྱོར་འཕེལ་རྒྱས་ལ་རྣམ་པ་གསར་བ་རྒྱས་ཤིང་། རྩ་བའི་ཆ་ནས་ས་གནས་ཀྱི་དབུལ་ཕོངས་གནད་དོན་ཐག་བཅད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1