ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གླེང་བ་ཞེས་པའི་དབྱིན་ཡིག་དང་ཧྥ་རན་སི་ཡི་གེའི་པར་མ་ཐེངས་དང་པོ་འགྲེམ་སྤེལ་བྱེད་པའི་མཛད་སྒོ་པེ་ཅིང་དུ་གཉེར་བ།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 04-26


     སྤྱི་ཟླ་4པའི་ཚེས་24ཉིན། ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གླེང་བ་ཞེས་པའི་དབྱིན་ཡིག་དང་ཧྥ་རན་སི་ཡི་གེའི་པར་མ་ཐེངས་དང་པོ་འགྲེམ་སྤེལ་བྱེད་པའི་མཛད་སྒོ་པེ་ཅིང་དུ་གཉེར་ཡོད། ཐེངས་དང་པོ་འགྲེམ་སྤེལ་བྱེད་པའི་མཛད་སྒོ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གཙོ་གཉེར་གནང་བ་དང་། ཀྲུང་གོའི་ཕྱི་ཡིག་ཅུས་ཀྱིས་གཉེར་འགན་འཁུར་ཡོད་ཅིང་། རྒྱལ་ཁབ་ཕྱི་ནང་གི་བསམ་བློ་རིག་གཞུང་ལས་རིགས་དང་། ཡིག་སྒྱུར་དཔེ་སྐྲུན་ལས་རིགས་སོགས་ཀྱི་འཐུས་མི་200ལྷག་བྱེད་སྒོར་ཞུགས་ཡོད་པ་རེད།
     ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གླེང་བ་ཞེས་པའི་རྒྱ་ཡིག་པར་མ་ནི་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་དང་། ཀྲུང་དབྱང་གི་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་བཅས་ཀྱིས་རྩོམ་སྒྲིག་བྱས་ནས་དཔེ་སྐྲུན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ལོ་2013ལོའི་ཟླ་བ་9པ་ནས་སྤྱི་ལོ་2018ལོའི་ཟླ་བ་7པའི་བར་གྱི་དུས་ཚོད་ནང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་སྐོར་གྱི་གལ་ཆེའི་རྩོམ་ཡིག་42བསྡུས་ཡོད་ཅིང་། རྒྱུད་གཅིག་ལམ་གཅིག་གྲོས་འགོའི་འཛུབ་ཁྲིད་རྩ་དོན་དང་། ཕུན་སུམ་ཚོགས་པའི་ནང་དོན། དམིགས་འབེན་ཐབས་ལམ་སོགས་རྒྱས་བཤད་གཏིང་ཟབ་གནང་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་རྒྱུས་ལོན་དེ་བས་ཡག་པ་བྱེད་པ་དང་དེའི་ནང་ཞུགས་ཆེད། ཀྲུང་གོའི་ཕྱི་ཡིག་ཅུས་དང་། ཕྱི་ཡིག་དཔེ་སྐྲུན་ཁང་གིས་དེའི་དབྱི་ཡིག་དང་ཧྥ་རན་སི་ཡི་གེའི་པར་མ་ཡིག་སྒྱུར་དང་དཔེ་སྐྲུན་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1