ཟླ་5ཚེས་7ཉིན། མཁའ་རླུང་གྲང་མོས་ཤུགས་རྐྱེན་ཐེབས་རྐྱེན། སི་ཁྲོན་ཞིང་ཆེན་རྔ་བ་རང་སྐྱོང་ཁུལ་ཁྱུང་མཆུ་རྩྭ་ཐང་ཆེན་མོར་དངུལ་རྒྱན་སྤྲས་པ་ལྟར་ལྟ་ན་སྡུག མཁའ་རླུང་དྭངས་ཤིང་གཙང་བ་དང་། སྔོ་སངས་ཀྱི་ནམ་མཁའ་དང་སྤྲིན་དཀར་འོག ཁ་བ་ནི་ཕྲ་རྒྱན་བཏབ་པ་ཇི་བཞིན་མཛེས་ཤིང་ཡིད་ཏུ་འོང་བ་དང་དེ་བཞིན་དཔྱིད་ཉམས་རབ་ཏུ་རྒྱས་པ་ལས་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ལྟ་བས་མི་ངོམས་པ་ཞིག་ཏུ་གྱུར་ཡོད། གནས་དེ་རུ་འབྱོར་བའི་ཡུལ་སྐོར་བར“ཉིན་གཅིག་ལ་དུས་ཚིགས་གཉིས་”ཀྱི་ཚོར་སྣང་མྱོང་རོལ་ཐུབ་ཡོད་ལ། ལྷག་པར་དུ་མིག་གི་ལོངས་སྤྱོད་གྱ་ནོམ་པ་ཐོབ་ནས་གནས་དེ་ལས་བྲལ་མི་ཕོད་པར་གྱུར།