མཚོ་སྔོན་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མར་སྨན་བཅོས་འགན་བཅོལ་ཐུབ་པ།
རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-10
● གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་སྨན་བཅོས་འགན་ལེན་གྱི་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་བཏང་ནས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་སྨན་ཁང་དུ་བསྡད་ནས་སྨན་བཅོས་ཀྱི་སྨན་རིན་སྲིད་ཇུས་ཁྱབ་ཁོངས་ནང་ནད་ཆེན་འགན་བཅོལ་གྱི་དངུལ་སྤྲོད་ཚད་སྒོར་5000ནས་3000བར་དམའ་རུ་བཏང་བ་དང་། རྩིས་ཞུའི་བསྡུར་གྲངས་80%ནས་90%བར་མཐོ་རུ་ཁ་གསལ་བཏང་ཡོད།
● གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་རོགས་སྐྱོབ་བྱ་ཡུལ་གྱི་སྨན་བཅོས་རོགས་སྐྱོབ་ཀྱི་དངུལ་སྤྲོད་ཚད་སྒོར་5000ནས་1500བར་དམའ་རུ་བཏང་བ་དང་། རོགས་སྐྱོབ་ཀྱི་བསྡུར་གྲངས་50%ནས70%བར་མཐོ་རུ་བཏང་ཡོད།
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་5ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་ལེན་ཅུས་ནས་ཤེས་རྟོགས་བྱུང་གསལ། མཚོ་སྔོན་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཡོངས་རྫོགས་གཞི་རྩའི་སྨན་བཅོས་འགན་ལེན་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས་ཀྱི་ཁྱབ་ཁོངས་སུ་བཅུག་ནས་གྲོང་གསེབ་ཀྱི་མི་འབོར་དབུལ་པོར་སྨན་བཅོས་འགན་ལེན་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཡོད་པ་རེད།
མཚོ་བོད་ས་མཐོར་གནས་པའི་མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་ལས་ཀྱི་མི་འབོར་གྱིས་ཞིང་ཆེན་དེ་ཡོངས་ཀྱི་མི་འབོར་བསྡོམས་འབོར་གྱི་56%བཟུང་ཡོད་པ་དང་། བོད་རིགས་ས་ཁུལ་གྱི་བསྡུར་གྲངས་བཟུང་ཚད་90%ཟིན་པས“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གྲས་སུ་ཚུད་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་སྨན་བཅོས་འགན་ལེན་གྱི་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་བཏང་ནས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་སྨན་ཁང་དུ་བསྡད་ནས་སྨན་བཅོས་ཀྱི་སྨན་རིན་སྲིད་ཇུས་ཁྱབ་ཁོངས་ནང་ནད་ཆེན་འགན་བཅོལ་གྱི་དངུལ་སྤྲོད་ཚད་སྒོར་5000ནས་3000བར་དམའ་རུ་བཏང་བ་དང་། རྩིས་ཞུའི་བསྡུར་གྲངས་80%ནས་90%བར་མཐོ་རུ་ཁ་གསལ་བཏང་ཡོད་པ་རེད།
མཚོ་སྔོན་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་སྨན་ཁང་དུ་སྡོད་པའི་གྲོན་དངུལ་དེ་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་འགན་བཅོལ་རྩིས་ཞུ་དང་དེ་བཞིན་སྨན་བཅོས་རོགས་སྐྱོབ་བྱས་རྗེས་ཀྱི་འགྲོ་གྲོན་ལྷག་འཕྲོ་འགྲོ་གྲོན་བསྡོམས་འབོར་གྱི་10%ལས་བརྒལ་བའི་ཆ་ཤས་དེ་སྨན་བཅོས་རོགས་སྐྱོབ་ཀྱི་མ་དངུལ་ལ་བརྟེན་ནས་དངུལ་ཚང་མ་ཐ་སྐྱོང་རོགས་སྐྱོབ་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད་པ་རེད། དེ་དང་དུས་མཚུངས་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་རོགས་སྐྱོབ་བྱ་ཡུལ་གྱི་སྨན་བཅོས་རོགས་སྐྱོབ་ཀྱི་དངུལ་སྤྲོད་ཚད་སྒོར་5000ནས་1500བར་དམའ་རུ་བཏང་བ་དང་། རོགས་སྐྱོབ་ཀྱི་བསྡུར་གྲངས་50%ནས70%བར་མཐོ་རུ་བཏང་ཡོད་པ་རེད།
གཞན་ཡང་། མཚོ་སྔོན་གྱིས་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་བྱ་ཡུལ་དང་དྭ་ཕྲུག་ལ་མི་རེར་ལོ་ལེར་སྒོར་360ཡི་ཚད་གཞིའི་ཐོག་ནས་སྒོ་བསྟེན་སྨན་བཅོས་དངུལ་སྤྲད་ཡོད་པ་རེད། དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་བྱ་ཡུལ་དང་དྭ་ཕྲུག་ལ་སྒོ་བསྟེན་དམིགས་བསལ་ནད་དང་གཅོང་ནད་རིགས་25ཕོག་མཁན་ལ་སྲིད་ཇུས་ཀྱི་ཁྱབ་ཁོངས་སུ་སྒོ་བསྟེན་སྨན་བཅོས་ལ་བཏང་བའི་འགྲོ་སོང་གཞི་རྩའི་སྨན་བཅོས་འགན་བཅོལ་ནས་རྩིས་ཞུ་བྱས་རྗེས། དེ་བྱིངས་100%གཞིར་བཟུང་རོགས་སྐྱོབ་བྱས་ཡོད་པ་རེད། དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་བྱ་ཡུལ་དང་དྭ་དྲུག་སྨན་ཁང་དུ་བསྡད་ནས་བཏང་བའི་འགྲོ་གྲོན་དག་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་སྨན་བཅོས་འགྲོ་གྲོན་སྲིད་ཇུས་ཆག་ཡང་དང་། གཞི་རྩའི་སྨན་བཅོས་འགན་བཅོལ། ནད་ཆེན་སྨན་བཅོས་འགན་བཅོལ་བཅས་བརྒྱུད་རྩིས་ཞུ་བྱས་རྗེས། དེ་བྱིངས་ཚང་མ་100%གཞིར་བཟུང་རོགས་སྐྱོབ་བྱས་ཡོད་པ་རེད།
དེ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་སྒྲོལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་པའི་འགྲོ་སོང་ཐད་ཀར་རྩིས་རྒྱག་ལས་ཀའི་བརྒྱུད་རིམ་ལེགས་སུ་བཏང་ནས་ཞིང་པ་ལས་མི་དང་ལས་ཞུགས་ལས་གཏོད་ཀྱི་མི་སྣ་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ཡོད་པ་རེད། ཞིང་ཆེན་སྒྲོལ་ནས་ཡུལ་གཞན་དུ་སྨན་བཅོས་ཀྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་ཁྱབ་ཁྱོན་སྔར་བས་ཆེ་རུ་བཏང་ནས་ཞིང་ཆེན་ནང་ཁུལ་གཞི་རིམ་གྱི་གནས་གཏན་འཁེལ་སྨན་བཅོས་སྒྲིག་གཞི་ཡོངས་རྫོགས་རྒྱལ་ཡོངས་ཀྱི་ཞིང་ཆེན་སྒྲོལ་ནས་ཡུལ་གཞན་དུ་སྨན་བཅོས་འགྲོ་གྲོན་ཐད་ཀར་རྩིས་རྒྱག་མ་ལག་ནང་འཇུག་རྒྱུ་ཡིན་པ་རེད། སྨན་བཅོས་རོགས་སྐྱོབ་དང་སྨན་བཅོས་འགན་བཅོལ་གྱི་གནས་གཏན་འཁེལ་སྨན་བཅོས་སྒྲིག་གཞི་དང་གཅིག་མཐུན་ཡོང་བའི་འགན་ལེན་བྱས་ནས་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་སྨན་བཅོས་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས“གཅིག་འཐུས་རྣམ་པའི་ཞབས་ཞུ་དང་། སྐར་ཁུང་གཅིག་ཏུ་གཉེར་སྒྲུབ། ཐེངས་གཅིག་ལ་རྩིས་རྒྱག”བཅས་ཐུབ་པ་བྱས་ནས་མི་འབོར་དབུལ་པོ་ཕར་འགྲོ་ཚུར་འོང་དང་སྔོན་ལ་སྨན་རིན་འདོན་ཉུང་དུ་བཏང་ཡོད་པ་རེད།
“མཚོ་སྔོན་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་མི་འབོར་དབུལ་པོར་ཕན་པའི་སྨན་བཅོས་འགན་ལེན་གྱི་བྱ་ཐབས་རབ་དང་རིམ་པ་ལག་ལེན་བསྟར་ཡོད། 2018ལོར། མི་འབོར་དབུལ་པོ་ཁྲི་21.44ལ་སྨན་བཅོས་འགྲོ་གྲོན་སྒོར་དུང་ཕྱུར་3.62རྩིས་ཞུ་བྱས་ཡོད། ང་ཚོས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་དང་། མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དྭ་ཕྲུག་སོགས་ཀྱི་མི་འབོར་དབུལ་པོའི་སྨན་བཅོས་འགན་ལེན་ལས་དོན་སྔར་བས་ཡག་པོ་བསྒྲུབས་ནས་མི་འབོར་དབུལ་པོའི་སྨན་བཅོས་ཀྱི་ཁུར་པོ་ཡང་དུ་ཏན་ཏིག་བཏང་ཐོག‘ནད་གཞིས་རྐྱེན་པས་དབུལ་པོ་རང་ལོག་དང་ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པའི’གནད་དོན་ཐོན་རྒྱུ་སྔོན་འགོག་བྱས་ཡོད”ཅེས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་ལེན་ཅུས་ཀྱི་ཅུས་ཀྲང་ལུའེ་ཀང་གིས་བརྗོད།