ཟླ་5ཚེས་18ཉིན། ལྷ་མོའི་འཁྲབ་སྟོན་དུས་ཚིགས་ཀྱི་བྱེད་སྒོ་དེ་བོད་ལྗོངས་ལྷ་སར་འགོ་ཚུགས་པ་དང་། དེ་ཉིན་ནས་བཟུང་གི་ཟླ་7པའི་ཟླ་མཇུག་བར་གྱི་གཟའ་སྤེན་པ་ཚང་མར། དམངས་ཁྲོད་ཀྱི་ལྷ་མོའི་སྒྱུ་རྩལ་པས་ལྷ་སའི་རྫོང་རྒྱབ་ཀླུ་ཁང་དུ་སྤྱི་ཕན་འཁྲབ་སྟོན་བྱ་རྒྱུ་རེད། འདི་ནི་བོད་ཀྱི་ལྷ་མོའི་སྒྱུ་རྩལ་པས་ལྷ་ས་གྲོང་ཁྱེར་གྱི་རྫོང་རྒྱབ་ཀླུ་ཁང་དུ་འཁྲབ་སྟོན་བྱེད་བཞིན་པ།