སྤྱི་ཟླ་10པའི་ཚེས་12ཉིན། ཡུང་ཕིན་གྲོང་རྡལ་གྱི་ལྟེ་བའི་སློབ་ཆུང་དང་པོའི་སློབ་མ་རྣམས་གསར་དུ་བསྐྲུན་པའི་སློབ་གྲྭའི་ནང་ལྟད་མོ་བལྟ་རུ་འགྲོ་བཞིན་ཡོད། ཉིན་དེར། ཀྲུང་གོའི་ན་གཞོན་འཕེལ་རྒྱས་ཐེབས་རྩ་ཚོགས་པས་ཡུན་ནན་ཞིང་ཆེན་ཅིང་ཀུའུ་ས་འགུལ་གནོད་ཐེབས་ས་ཁུལ་དུ་སྒོར་ཁྲི་72ཞལ་འདེབས་གནང་ནས་གསར་སྐྲུན་བྱེད་བཞིན་པའི་འགུལ་འགོག་རེ་བའི་སློབ་ཆུང་ཐོག་མ་དེ་གསར་སྐྲུན་ལེགས་འགྲུབ་བྱུང་ཚར།
སློབ་ཆུང་འདིར་གསར་དུ་སྐྲུན་པའི་སློབ་ཁང་24ཡོད་ལ། དེའི་ནང་ཡུང་ཕིན་གྲོང་རྡལ་གྱི་ལྟེ་བའི་སློབ་ཆུང་དང་པོའི་ལོ་རིམ་དང་པོ་ནས་བཞི་བའི་བར་གྱི་སློབ་མ་1457ལ་ཡང་བསྐྱར་སློབ་ཁྲིད་བྱེད་ཐུབ། །