༄༅། །ཞིང་གྲོང་གི་སྟོན་ཀ
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-14
སྙེ་རྡོག་གི་རླབས་ཕྲེང སྟོན་ཟླ་བརྒྱད་པའི་ཞིང་གྲོང་དུ་ཤིག་ཤིག་གཡོ་དུས
ཞིང་ས་གྲུ་བཞིའི་རྣང་ཚིགས་གང་སར་བྲེལ་སྣང་གི་མཁའ་དབུགས་ཤིག་གཏིབས་འདུག
སྟོན་ཁར ཡུལ་མི་ཚོས་གསེར་གྱི་འབྲུ་རྡོག་རེ་རེ་སྤར་མོས་སྡོམ་བཞིན
སྟོན་བསྡུ་དང་འབྲེལ་བའི་མཛེས་སྡུག་གི་ཡིད་སྤྲུལ་མཐའ་དག་སེམས་ངོགས་སུ་འགྲེམ་གྱི་ཡོད
རྨི་ལམ་དུ་འཁོར་བའི་ཡིད་འོང་གི་འཚོ་བའི་རི་མོར་འཆར་གཞི་བཟོ་བཞིན་ཡོད
དུས་ཚིགས་འདིས མཉེས་གཤིན་གང་རུང་གི་ཞིང་ས་ནས་ལྗིད་ཏིག་ཏིག་བཀྱགས་ཡོང་བའི
ལོ་ལེགས་དང་འབྲུ་དྲུག་གི་རེ་འབྲས་སེམས་ཀྱིས་ལྡོད་ཅིང
ལག་མཐིལ་ནས་བརྡོལ་བའི་རྔུལ་ཁྲག་དང་ཆུ་བུར་རེ་རེར་དྲན་གསོ་བྱེད་ཀྱི་ཡོད
ལོ་ཏོག རླུང་བུའི་གཡབ་མོའ་ིཁྲོད་དུ་རླབས་གཉེར་འཁྱིལ་བའི་ལོ་ཏོག
ཡུལ་མི་ཚོའི་རྨི་ལམ་དུ་བབས་པའི་ལྷའི་མེ་ཏོག་དང་འདྲ་ཞིང
དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་རེས་མོས་སུ་སེམས་ཀྱིས་བསྙོར་ཏེ
དྲོད་རྒྱུན་གྱིས་གཤེར་བའི་ཞིང་ས་ནས་སུ་ཞིག་གི་རེ་སྒུག་ལ་འཐིམ་འགྲོ
ཞིང་གྲོང་ནི་ལོ་ཏོག་གི་ཕ་གཞིས་ཡིན་ལ ལོ་ཏོག་ནི་ཞིང་གྲོང་གི་ནོར་བུ་ཡིན
ཞིང་གྲོང་དུ ལོ་ཏོག་གི་མཛེས་སྡུག་ཁོ་ན་ཞིང་བའི་རྨི་ལམ་དུ་འཁོར་བའི་ལྷ་མོ་དེ་ཡིན
ཞིང་གྲོང་གི་སྟོན་ཁ ཆར་བ་ཤག་ཤག་བབས་རྗེས་ཀྱི་དྭངས་མཐའ་མེད་པའི་སྨུག་སྤྲིན་དང་ཡང་མཚུངས་ཏེ
སད་སེར་གྱིས་གཏོར་བའི་འབྲུ་རྡོག་རེ་རེ ཞིང་རྣང་དུ་ཆར་ཐིགས་བཞིན་སིམ་དུས
སྟོན་ཁ་འདིས ཁ་ཁུ་སིམ་མེར་འཁྱེར་སོང་བ་འབྲུ་རྡོག་གཅིག་པུ་ག་ལ་ཡིན
དེའི་དུས ཞིང་གྲོང་བའི་རྨི་ལམ་ལ་བརླན་གཤེར་རྒྱས་མི་ཐུབ་ཅིང
ཞིང་གྲོང་བའི་གདོང་ལ་འཛུམ་རིས་བསླུག་བསླུག་གྲོལ་མི་སྲིད
རྒྱང་དུ་འཐེན་པའི་ལམ་ཆུང་དེ་ནི ང་ཚོའི་རྨི་ལམ་དང་འདོད་འདུན་འཚོལ་ས་ཡིན་ཞིང
ལམ་ཁར་བསྟར་བའི་ཁང་ཁྱིམ་རེ་རེ་ནི ང་ཚོའི་འབྱུང་འགྱུར་དང་རེ་སྨོན་སྤུངས་ས་ཡིན