ལོ་22ལ་སླེབས་པའི་གཡུ་ཐོག་གྲོང་ཚོའི་མ་ཚེ་རིང་ཆོས་སྒྲོལ་གྱིས་སློབ་མཐར་ཕྱིན་མ་ཐག་གད་སྙིགས་རིགས་དབྱེ་ཚུར་བསྡུའི་ཐོ་འགོད་ཀྱི་ལས་ཀར་ཞུགས་ཡོད། ཁོ་མོས་སྦྱངས་པའི་ཤེས་བྱ་སྤྱད་ནས་ཕ་ཡུལ་ལ་ཞབས་འདེགས་ཞུ་བ་དང་སྔོ་ལྗང་རི་ཆུར་སྲུང་སྐྱོང་བྱེད་པ་ནི་ངའི་སྤོབས་པ་ཡིན་ཞེས་བཤད་པ་རེད། འདི་ནི་ཚེ་རིང་ཆོས་སྒྲོལ་གྱིས་རིགས་ཕྱེ་པའི་གད་སྙིགས་དབོར་རོགས་བྱེད་བཞིན་པ།
ས་བབ་སྨི་4500ཟིན་པའི་བོད་ལྗོངས་མངའ་རིས་ས་ཁུལ་སྒེར་རྩེར་གད་སྙིགས་རིགས་དབྱེའི་ལས་ཀ་བྱེད་མཁན་མང་པོ་ཡོད་ཅིང་། ཁོང་ཚོས་གཙང་བཙོག་གཏན་ནས་མི་བྱེད་པ་དང་། དཀའ་སྡུག་ལ་མི་སྐྲག་པ། མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པའི་དཀའ་ངལ་ཁྱད་དུ་བསད་དེ། ལོ་གཅིག་དུས་བཞིར་རང་གཉིས་ཀྱི་ལག་གཉིས་ལ་བརྟེན་ནས་བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་དང་ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་ལྟ་བུ་ཡིན་པའི་ས་གཙང་སྲུང་སྐྱོང་བྱེད་བཞིན་མཆིས།
དེ་སྔོན་ཡུལ་སྐོར་བས་ཚུར་བསྡུ་རུང་བའི་འགྱིག་དམ་དང་། ལྕགས་ཀྲིན། ཤོག་སྙིགས་སོགས་རང་དགར་གཡུག་པ་ལ་བརྟེན་ནས་གཙོད་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་འཚོ་གནས་བྱ་ཡུལ་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད། ས་གནས་དེ་གའི་འབྲོག་པའི་འཚོ་བའི་ཁོར་ཡུག་དང་གཙོད་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་འཚོ་གནས་ཁོར་ཡུག་ལ་སྲུང་སྐྱོང་བྱ་ཆེད། ཟླ་དྲུག་པ་ནས་བཟུང་། ས་གནས་དེ་གའི་སྲིད་གཞུང་གིས་མ་དངུལ་བཏང་ནས་རྩྭ་ཐང་དུ་དབྱུགས་པའི་གད་སྙིགས་རིགས་ཕྱེ་ནས་ཚུར་བསྡུའི་བྱེད་འགོ་ཚུགས་པ་རེད།
འདི་ནི་སྒེར་རྩེའི་གད་སྙིགས་ཚུར་བསྡུའི་ས་ཚིགས་ཀྱི་གད་སྙིགས་རིགས་དབྱེ་ཉར་ཚགས་ཁུལ་ཡིན་པ།