༄༅། །དྲན་གདུང་ཀློང་ན་འཁོར་བའི་ཕ་ཡུལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-14


སྟོད་ན་ཆུ་འཛིན་བུ་མོ་འགྱུར་བག་གིས་རྒྱུ་ཞིང་། །
སྨད་ན་རྨ་ཆུ་སྔནོ ་མའོ ་ིཆུ་འཁརོ ་རང་འཁྱིལ་བའི། །
ཕྱོགས་བཞི་ས་འཛིན་ཕྲེང་བའི་དོ་ཤལ་གྱི་དབུས་ན། །
ཁྲི་ཆུ་རིང་མའོ ་ིམཛེས་རྩལ་བདེ་མྱུར་གྱིས་བཞུད་པ། །
གངས་ལྗོངས་རྣམ་པར་དག་པའི་སུམ་རྩེན་གྱི་ཞིང་ན། །
ཁྲི་ཡུལ་མི་ཉག་དགོན་ཞེས་སྙན་གྲགས་ཀྱི་ལང་ཚོ། །
སྲིད་པ་ཕ་ོ མའོ ་ིམགྲིན་པའི་དབྱངས་རྟ་ལ་འཁྱུད་ནས། །
གཅིག་ནས་གཅིག་རྒྱུད་དད་གུས་བྱིན་རླབས་ཀྱིས་བརྫུས་འདུག། །
ཕ་མཐའ་མི་མངོན་ཞི་བདེ་རྒྱ་མཚོ་ཡི་མདངས་ཅན། །
སྨུག་པོ་ཐང་ཞེས་གྲགས་པའི་ནེའུ་གསིང་གི་ཐང་ན། །
རྒྱུ་སྐར་ས་ལ་བཏབ་འདྲའི་སྒོ་ཕྱུགས་ཀྱི་ཁྱུ་ཚོགས། །
མཐའ་ཀླས་སྤང་ལྗངོ ས་སྔནོ ་མའོ ་ིཕྲ་རྒྱན་དུ་མཛེས་པ། །
མི་སྐྱེས་ཕནོ ་པའོ ་ིབང་རྩལ་སྐྱི་བསེར་གྱི་རླུང་བུ། །
མཁའ་ལ་འཁྱུག་པའི་གློག་གི་རོལ་རྩེད་ཀྱི་མདངས་བཞིན། །
ཡངས་བའི་ཐང་ལ་རྣོ་ངར་ཞབས་ཟིལ་གྱིས་བསྣུན་ཚེ། །
ཉིན་བྱེད་སྐྱེངས་པས་བཞིན་རས་གླིང་གཞན་ལ་གཏད་འགྲོ། །

གངས་ལྗོངས་རིག་པའི་དགའ་ཚལ། །
ས་འཛིན་ཕྲེང་བའི་མགུལ་རྒྱན་ཚང་ཚིང་གི་ལྗོན་ཤིང་། །
ལུས་ཕྲ་སྒེག་མའོ ་ིགནག་སྣུམ་སྐྲ་ལ་ོཡི་མདངས་བཞིན། །
སྐྱི་བསེར་རླུང་བུའི་རེག་བྱའི་འདོད་སྲེད་ལ་གཡེང་ནས། །
སྨིན་ལེགས་འབྲས་བུའི་ནུ་ཟུང་དཔག་མེད་ངང་མངོན་འདུག། །
ཆོས་སྤྱོད་དྲིལ་བུའི་གདངས་དབྱངས་མཁའ་དབྱིངས་ལ་སྤུར་ཚེ། །
ཡིད་སེམས་ཕྱི་ལ་འཕྲོ་བའི་འདོད་མྱོས་ཀྱི་སྐྱེ་འགྲོ། །
སྐད་ཅིག་ཉིད་དུ་ངང་པའི་ཁྱུ་མཆོག་གིས་མྱོས་བས། །
གཞན་གསསོ ་བུ་མའོ ་ིམགྲིན་དབྱངས་རྣ་ལམ་ནས་ཡལ་འགྲ།ོ །
རྩོད་པའི་མེ་དཔུང་མཁའ་ཡི་དབྱར་རྔ་ལྟར་བསྒྲགས་ཚེ། །
ཤེས་ལྡན་སློབ་བུའི་ལུང་རིགས་རྣོ་ངར་གྱི་ལྕགས་སྒྲོག །
རྩདོ ་གཞི་སྟུག་པའོ ་ིགཞི་རྒྱུད་དབྱངས་རྟ་ལ་འཁྱུད་ནས། །
ཉིན་མཚན་འཁརོ ་ལའོ ་ིའཕྱང་ཐག་ཡུད་ཙམ་ལ་འཆལ་བ། །
སྙན་གྲགས་ཁ་བའི་ལྗོངས་ན་གཟི་འོད་ཀྱིས་འཕྲོ་བའི། །
བཤེས་གཉེན་དམ་པའི་བྱམས་དང་སྙིང་རྗེ་ཡི་དཔལ་གྱིས། །
མཐའ་བཞི་སྐྱེ་འགྲོ་བདེ་བའི་ཞིང་ཁམས་ལ་བཀོད་པས། །
སྨོན་པའི་གླེང་བརྗོད་བདུད་རྩིའི་རོ་བརྒྱ་ལས་མངར་བ། །
དད་པའི་ཡོ་ལང་བརྡོལ་བ་སྐལ་ལྡན་གྱི་ཁྱུ་ཚོགས། །
སྙེ་མ་རབ་མཐོ་དུད་པའི་འབྲུ་དྲུག་གི་དཔལ་བཞིན། །
སྒོ་གསུམ་གུས་འདུད་བཅས་ཏེ་མཁན་པོ་ཡི་སྤྱན་སྔར། །
གདམས་ངག་ཟབ་མའོ ་ིམདུད་པའི་དྲ་རྒྱ་རང་གཏརོ ་བ། །
བརྩོན་འགྲུས་གོ་ཆས་འགག་མེད་བློ་གསལ་གྱི་སློབ་བུ། །
རྣ་ོ ངར་ལྕགས་ཀྱི་རྟ་ཕའོ ་ིདགུང་དབྱིངས་ལ་བཅིབས་ནས། །
ཤེས་བྱའི་འཇུག་ངོགས་བརྒལ་བའི་ཟིལ་ཤུགས་དེ་མཐོང་ཚེ། །
ར་ཡིག་གཉིས་པའི་མགྲིན་པའི་རོལ་དབྱངས་ཀྱང་འཇགས་འགྲོ། །
ངོ་མཚར་གློག་གི་རོལ་རྩེད་མུ་ཏིག་གི་ཕྲེང་བས། །
ཁོ་ར་ཁོར་ཡུག་འོད་ཀྱི་ཕྲེང་ལམ་ལ་བཀོད་ཚེ། །
གཟི་བྱིན་འོད་ཀྱིས་ཕྱུག་པའི་གཉིས་སྐྱེས་ཀྱི་རྒྱལ་པོ། །
རྒྱུ་སྐར་གྲོང་ནས་བདས་བའི་ཟིལ་ཤུགས་ལ་བྲེལ་འདུག། །
ཚོན་ཆེན་སྣ་ལྔའི་མདངས་མཛེས་དཔལ་གླིང་གི་རྒྱ་ཕིབས། །
ས་འཛིན་ལྟེ་བས་གཟི་བྱིན་འོད་སྣང་གིས་གཏམས་ཚེ། །
རྨི་ལམ་ཞིང་ལ་ཡུར་བའི་རིགས་དྲུག་གི་སྐྱེ་འགྲོས། །
འཛིན་བྱེད་མཁའ་ནས་འཛུམ་ཞེས་ལས་དོན་ལ་འབད་འགྲོ། །
བྱེ་བ་ཁྲག་བརྒྱའི་མདངས་ལྡན་དབེན་གནས་ཀྱི་ལང་ཚོ། །
བསིལ་ལྡན་ཁ་བ་རི་བའོ ་ིཡང་རྩེ་ན་འཕུར་བས། །
སྟོན་མཚན་ནམ་མཁའི་ཕྲ་ཚོམ་མུ་ཏིག་གི་ཕྲེང་བ། །
ལྟ་བས་མི་མངོན་གོམ་ཁ་འཛིན་མའི་སྟེང་ཆས་འགྲོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1