གཙོ་ངོས།
གསར་འགྱུར།
རིག་གནས།
རྩོམ་རིག
སྒྱུ་རྩལ།
ཤེས་བྱ།
མི་སྣ།
དུས་དེབ།
བརྙན་འཕྲིན།
འཚོལ་བཤེར།
汉文网站
གཙོ་ངོས།
>>
རྒྱལ་ནང་གསར་འགྱུར།
ཞི་ཅིན་ཕིང་གིས་ལས་ཁུངས་སྒྱུར་བཅོས་ཐད་འདི་འདྲ་གསུངས་འདུག
རྩོམ་སྒྲིག་པ།ཡོང་ཁུངས།ཤིན་ཧྭ་དྲ་བ། སྤེལ་དུས། 07-08
ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཕྱོགས་སྡོམ་གྲོས་ཚོགས་ཐོག་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་བཏང་ནས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་བ་དང་། ལི་ཁེ་ཆང་དང་། ལི་ཀྲེན་ཧྲུའུ། ཝང་དབྱང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ཝང་ཧུའུ་ཉིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ།
སྤྱི་ཚེས་༥ཉིན། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཕྱོགས་སྡོམ་གྲོས་ཚོགས་པེ་ཅིང་དུ་འཚོགས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་འཛུགས་གྲུབ་གཞི་དང་དོ་དམ་སྒྲིག་གཞིར་མ་ལག་རང་བཞིན་དང་ཁྱོན་ཡོངས་རང་བཞིན་སྒོ་ནས་བསྐྱར་སྒྲིག་ཐེངས་གཅིག་བྱས་པ་ཞིག་ཡིན། ང་ཚོས་ཁྱོན་ཡོངས་ནས་ཀྲུང་དབྱང་དང་ས་གནས་ཀྱི་རིམ་ཁག་དང་རིགས་ཁག་གི་ལས་ཁུངས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། བསྐྱར་སྒྲིག་རྣམ་པའི་ཐོག་ནས་ཏང་ཡོངས་ཀྱི་འགོ་ཁྲིད་མ་ལག་དང་སྲིད་གཞུང་བཅོས་སྐྱོང་མ་ལག དྲག་ཆས་སྟོབས་ཤུགས་མ་ལག ཚོགས་པའི་ལས་དོན་མ་ལག་བཅས་འཐུས་སྒོ་ཚང་དུ་གཏོང་བ། མ་ལག་ལྡན་པའི་སྒོ་ནས་ཏང་གི་འགོ་ཁྲིད་ནུས་པ་དང་། སྲིད་གཞུང་གི་ལག་བསྟར་ནུས་པ། དྲག་ཆས་སྟོབས་ཤུགས་ཀྱི་འཐབ་འཛིང་ནུས་པ། ཚོགས་པའི་རྩ་འཛུགས་ཀྱི་གསོན་ཤུགས་བཅས་ཤུགས་ཆེར་འགྲོ་བ་བྱེད་པ། དུས་རབས་གསར་པའི་བླང་བྱ་དང་འཚམ་པའི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱི་འགན་ནུས་མ་ལག་གི་སྒྲོམ་གཞི་གཙོ་བོ་ཐོག་མའི་ཆ་ནས་འཛུགས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་གོང་འཕེལ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་རྒྱུར་རྩ་འཛུགས་ཀྱི་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་ཐོབ་པའི་ཕན་འབྲས་བཟང་པོ་དང་རྩ་ཆེའི་ཉམས་མྱོང་ལ་ཕྱོགས་སྡོམ་ནན་པོ་བྱེད་པ་དང་། ལས་ཁུངས་སྒྱུར་བཅོས་ཀྱི་ཕན་འབྲས་སྲ་བརྟན་གཏོང་བ། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ཀྱི་འགན་ནུས་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་ནན་གསུངས་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་དང་། ལི་ཀྲེན་ཧྲུའུ། ཝང་དབྱང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་གྲོས་ཚོགས་ལ་ཞུགས་ཡོད་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ཝང་ཧུའུ་ཉིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད།
ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ལས་དོན་གལ་ཆེན་ཞིག རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་གཅིག་སྡུད་བྱ་སྤྱོད་ཐེངས་ཤིག་སྤེལ་བ་ཞིག་ཡིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་མཇུག་འགྲིལ་རྗེས་ས་གནས་ཁག་དང་ལས་ཁུངས་ཁག་གིས་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་། གཅིག་གྱུར་ལ་ཤུགས་སྣོན་བརྒྱབ་པ། སྒྱུར་བཅོས་བྱ་ཐབས་ཁ་གསལ་བཟོས་པ། མིའི་ལས་དོན་ཡག་པོ་སྒྲུབ་པ། སྒྲིག་ཁྲིམས་ནན་པོ་ལག་བསྟར་བྱས་ཡོད། དུས་ཐུང་ལོ་གཅིག་ལྷག་ཙམ་རིང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ལས་འགན་སྤྱིའི་ཆ་ནས་ལེགས་གྲུབ་བྱུང་བ་དང་། གལ་ཆེའི་རིགས་གཞུང་ཕན་འབྲས་དང་ལམ་ལུགས་ཀྱི་ཕན་འབྲས། ལག་ལེན་གྱི་ཕན་འབྲས་བཅས་རབ་དང་རིམ་པ་ཐོན་ཡོད། ཏང་གི་ཁྱོན་ཡོངས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དོན་འཁྱོལ་ཡག་པོ་ཐུབ་ཡོད་པ་དང་། ཏང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པའི་ལས་ཁུངས་ཀྱི་འགན་ནུས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་སོང་བ། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་འགན་སྒྲུབ་རྒྱུ་སྔར་བས་བདེ་ལྷག་དང་ལས་ཆོད་མཐོ་པོ་བྱུང་བ། རིགས་ཁག་གི་ལས་ཁུངས་བཀོད་སྒྲིག་དང་འགན་ནུས་ཆ་སྦྱོར་བྱེད་སྐབས་གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་ངང་སྐུལ་འདེད་བཏང་བ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་གི་དགོས་མཁོར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་འཚམ་པ་བྱས་པ། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་ཀྱི་ལས་ཁུངས་གཙོ་བོ་བཀོད་སྒྲིག་དང་འགན་ནུས་ཆ་སྦྱོར་བྱེད་པ་དེ་ཀྲུང་དབྱང་དང་རྩ་བའི་ཆ་ནས་གཅིག་མཚུངས་ཡོང་རྒྱུ་རྒྱུན་འཁྱོངས་བྱས་པ། ཀྲུང་དབྱང་ནས་ས་གནས་བར་འཁོར་རྒྱུག་བདེ་བླག་དང་། གསོན་ཤུགས་ཀྱིས་ཁེངས་པའི་ལས་ཀའི་མ་ལག་བཏོད་པ། དམག་དཔུང་དང་ས་གནས་ལས་བརྒལ་བའི་སྒྱུར་བཅོས་བདེ་བླག་ཡོང་རྒྱུར་སྐུལ་འདེད་བཏང་བ། འབྲེལ་ཡོད་ལས་ཁུངས་ཁག་གི་སྒྱུར་བཅོས་ལ་དུས་གཅིག་ཏུ་སྐུལ་འདེད་དང་། སྒྱུར་བཅོས་ཀྱི་སྤྱིའི་ཕན་འབྲས་སྔར་བས་ཆེ་རུ་སོང་ཡོད་ཅེས་ནན་གསུངས་གནང་བ་དང་།
ཞི་ཅིན་ཕིང་གིས། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཁྲོད། ང་ཚོས་རྩ་ཆེའི་ཉམས་མྱོང་འཚོལ་ཞིབ་དང་གསོག་འཇོག་བྱས་པ་ནི་ཏང་གིས་ལས་ཁུངས་སྒྱུར་བཅོས་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། མ་བཙུགས་ན་གཏོར་མི་ཐུབ་པ་དང་སྔོན་འཛུགས་རྗེས་གཏོར་རྒྱུན་འཁྱོངས་བྱེད་པ། ལས་ཁུངས་ཀྱི་འགན་ནུས་ལེགས་སྒྱུར་ལ་སྐུལ་འདེད་གཏོང་བར་ལས་ཆོད་མཐོ་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཀྲུང་དབྱང་དང་ས་གནས་གཅིག་མཚུངས་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ། སྒྱུར་བཅོས་དང་ཁྲིམས་སྐྱོང་ཕན་ཚུན་གཅིག་གྱུར་དང་མཐུན་སྦྱོར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ། བསམ་བློ་ཆབ་སྲིད་ལས་དོན་དེ་སྒྱུར་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས། ལག་ལེན་ལས་ར་སྤྲོད་ཐུབ་པར། ཏང་ཀྲུང་དབྱང་གི་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འཐབ་ཇུས་བཀོད་ཇུས་ནི་རྦད་དེ་ཡང་དག་ཡིན་པ་དང་། སྒྱུར་བཅོས་ཀྱི་སྒྲིག་འཛུགས་ལག་བསྟར་བྱེད་པ་ནི་ཤུགས་དྲག་དང་ལྡན་པ་ཡིན་པའི་ཐོག་ནས་ཏང་ཡོངས་ཀྱི་ཚད་མཐོའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་གང་ལེགས་མངོན་ཡོད། ཏང་གིས་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་པོ་བྱེད་པར་ཆབ་སྲིད་ཀྱི་ཕན་འབྲས་ཡག་པོ་ཐོན་པ་གང་ལེགས་མངོན་པ་དང་། ཏང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་བཟང་ཆ་གང་ལེགས་མངོན་ཡོད་ཅེས་གསུངས་གནང་བ་རེད།
ཞི་ཅིན་ཕིང་གིས། རྩ་འཛུགས་ཀྱི་སྒྲོམ་གཞི་བསྐྱར་འཛུགས་ལེགས་གྲུབ་ཐུབ་པ་དང་། ལས་ཁུངས་ཀྱི་འགན་ནུས་ལེགས་སྒྲིག་བྱས་པ་དེས། ཕྱི་ཚུལ་གྱི་གནད་དོན་ཐག་གཅོད་ཐུབ་པ་ཙམ་ཡིན་པས་ནུས་པ་དངོས་ཐོན་དགོས་ན། ད་དུང་ལས་དོན་འབོར་ཆེན་བསྒྲུབ་རྒྱུ་བསྡད་ཡོད། ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་ལེགས་སྒྲིག་དང་མཐུན་སྦྱོར་ལས་ཆོད་ཆེ་བ་བཅས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཤུགས་རྒྱག་སར་བྱེད་པ་དང་། ལས་ཁུངས་ཀྱི་འགན་ནུས་ལེགས་སྒྲིག་བྱེད་པ་དེ་ལམ་ལུགས་སྒྲིག་གཞི་འཐུས་ཚང་འཛུགས་པ་དང་གཅིག་གྱུར་ཡོང་བ་བྱེད་པ། ཏང་གི་དུས་ཡུན་རིང་པོའི་སྲིད་འཛིན་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་རྒྱལ་ཁབ་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་གཅིག་གྱུར་ཡོང་བ་བྱེད་པ། ལས་ཁུངས་སྒྱུར་བཅོས་ཀྱི་གྲུབ་འབྲས་མུ་མཐུད་ནས་སྲ་བརྟན་གཏོང་བ། ཏང་ཡོངས་ཀྱིས་ལས་དོན་གལ་ཆེན་ལ་འགོ་ཁྲིད་བྱེད་པའི་སྒྲིག་གཞི་འཐུས་ཚང་འཛུགས་པ། བཀོད་ཇུས་དང་། གཞུང་དོན་ལ་གྲོས་བསྡུར། ལས་ཁུངས་སྙོམས་སྒྲིག་བཅས་ཀྱི་གཙོ་གནད་ནི་ལས་དོན་ཆེན་པོ་སྒྲུབ་པ་དང་། ལས་དོན་ཆེན་པོར་གྲོས་བསྡུར་བྱེད་པ། ལས་དོན་ཆེན་པོར་དམ་བཟུང་བྱེད་པ་བཅས་ཡིན། ཏང་གི་ལས་དོན་ལས་ཁུངས་ནས་ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ། འགན་ནུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དམ་གསལ་ཡོང་བ་བྱེད་པ། ཏང་སྲིད་ལས་ཁུངས་ཀྱི་འགན་ནུས་གཅིག་གྱུར་འཆར་འགོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཏང་སྲིད་ལས་ཁུངས་ཀྱི་འགན་ནུས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་གི་འགན་ནུས་སྡེ་ཁག་གིས་ཁོངས་སྒྲིལ་གཅིག་གྱུར་གྱིས་དོ་དམ་བྱེད་པའི་འགན་ནུས་འདོན་སྤེལ་ཡག་པོ་བྱས་ཏེ། ཁྱབ་ཁོངས་དེ་གའི་ལས་དོན་གལ་ཆེན་གཅིག་གྱུར་གྱིས་འཆར་འགོད་བྱ་དགོས། ལས་ཁུངས་ཀྱི་འགན་འཁྲི་སྒྲུབ་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་དང་། སྡེ་ཚན་ཁག་གིས་གཏན་འཁེལ་གསུམ་གྱི་གཏན་འབེབས་གཞིར་བཟུང་འགན་འཁྲི་གཙང་སྒྲུབ་ནན་པོ་བྱེད་པ། འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོར་དམིགས་པ། གཙོ་གནད་དང་འགག་རྩ་མངོན་གསལ་དོད་པོ་ཡོང་བ་བྱེད་པ། རང་རྟོགས་ངང་གནས་བབ་ཆེན་པོའི་འོག་བསམ་གཞིགས་དང་སྤྱི་ཡོངས་ཀྱི་འོག་བྱ་སྤྱོད་སྤེལ་བ། མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོར་དམ་པོར་དམིགས་ཏེ་འགན་འཁྲི་ཡག་པོ་སྒྲུབ་དགོས། ཀྲུང་དབྱང་དང་ས་གནས་གཉིས་ཀྱི་ཧུར་བརྩོན་རང་བཞིན་འདོན་སྤེལ་ཡག་པོ་བྱས་ཏེ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་དང་། རྒྱལ་ཁབ་ཀྱི་ལམ་ལུགས་གཅིག་གྱུར། སྲིད་དོན་བཀའ་རྒྱ་གཅིག་གྱུར་བཅས་ཡོང་བའི་འགན་ལེན་བྱེད་དགོས་ཤིང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ལས་རིགས་དེ་རང་དང་ཁོངས་གཏོགས་དེ་རང་ལ་མཛུབ་ཁྲིད་དང་ལྟ་སྐུལ་ཡག་པོ་བྱེད་དགོས་པ་དང་། ས་གནས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་ཆབས་ཅིག རང་སྟོབས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་དགོས། འབྲེལ་ཡོད་ཆ་སྦྱོར་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། སྲིད་དོན་ལོགས་སུ་འབྱེད་པ་དང་བྱ་གཞན་ཚན་པ་དང་ཁེ་ལས་ལོགས་སུ་འབྱེད་པ། དོ་དམ་དང་ལས་སྒྲུབ་ལོགས་སུ་འབྱེད་པ་བཅས་ལ་སྐུལ་འདེད་གཏོང་རྒྱུ་མགྱོགས་སུ་གཏོང་བའི་རྩ་དོན་ལྟར། བྱ་གཞག་ཚན་པ་དང་ཁེ་ལས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་གྱི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་རིམ་གྱི་སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུའི་འགན་ནུས་སྒྲུབ་ཤུགས་ཆེ་རུ་གཏོང་བ། ལས་ཁུངས་སྒྱུར་བཅོས་ཀྱི་ཆ་སྦྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས། སྒྲིག་ཁོངས་ཁྲིམས་བཀོད་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། བཅའ་ཁྲིམས་ལྟར་རྩ་འཛུགས་ཀྱི་སྒྲིག་གཞི་སྣ་ཚོགས་ལ་དོ་དམ་ནན་པོ་དང་ཚོད་འཛིན་ནན་པོ་བྱ་དགོས། ལས་སྒྲུབ་ལས་གཏོད་ཀྱི་འགན་འཁྲི་འཁུར་ཕོད་པའི་འཇོན་ཐང་ཆེ་རུ་གཏོང་བ་དང་། ལས་ཁུངས་གསར་པ་དང་འགན་ནུས་གསར་པས་བཏོན་པའི་བླང་བྱ་གསར་པ་ཁོང་དུ་ཡང་དག་ཆུད་པ། ད་ལྟ་སྤེལ་བཞིན་པའི་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་སེམས་ལ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱེད་པ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ། མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱེད་པ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ཆབ་སྲིད་གཤིས་རྒྱུད་སྦྱོང་བརྡར་བྱེད་པ། དུས་ཚོད་སྐར་ཆ་ཙམ་ལ་ཡང་བརྩོན་ལེན་དང་འབད་འབུངས་ཡར་བརྩོན་གྱི་འབད་འཐབ་རྣམ་པ་དང་། དཀའ་ཚེགས་ཇི་ཙམ་ཆེ་ན་དེ་ཙམ་གྱིས་མདུན་ཕྱོགས་སུ་སྐྱོད་པའི་འཐབ་རྩོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བཅས་བྱས་ཏེ། གཟེར་འདེབས་སྙིང་སྟོབས་ཐོག་ནས་ལས་དོན་དོན་འཁྱོལ་བྱ་རྒྱུ་དམ་བཟུང་བྱ་དགོས་ཞེས་ནན་གསུངས་གནང་བ་དང་།
ཞི་ཅིན་ཕིང་གིས། ཏང་དང་རྒྱལ་ཁབ་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་གནས་བབ་ཧྲིལ་པོའི་ནང་བཞག་ནས་ཇུས་འགོད་དང་སྐུལ་འདེད་གཏོང་བ་ནི། ང་ཚོས་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འཐབ་ཇུས་རང་བཞིན་གྱི་གཡུལ་འགྱེད་ཅིག་རེད། ལས་ཁུངས་སྒྱུར་བཅོས་གསར་གཏོད་ཀྱི་ཕན་ཡོད་ཆ་རྐྱེན་ཡག་པོ་སྤྱད་དེ། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཕན་འབྲས་གསར་པར་བརྟེན་ནས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་པ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བཀོད་སྒྲིག་གནང་བའི་སྒྱུར་བཅོས་བྱེད་ཐབས་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱ་རྒྱུ་ནི་ང་ཚོའི་མདུན་དུ་ལྷག་པའི་ལས་འགན་ཞིག་ཡིན། ད་ལྟ་ནས་སྤྱི་ལོ་༢༠༢༠ལོའི་བར་དུ། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཐབས་བྱེད་པའི་བར་ལོ་གཅིག་ལྷག་ཙམ་གྱི་དུས་ཚོད་ལས་མེད་པས། ང་ཚོས་བབ་བསྟུན་འཕྲལ་སྒྲུབ་དང་། ངར་ཤུགས་གང་ཡོད་བཏོན་ནས་ལས་དོན་སྒྲུབ་པ་དང་། མུ་མཐུད་འགག་སྒྲོལ་གང་ལེགས་དང་དཀའ་ངལ་ཁྱད་བསད་བྱས་ཏེ། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་དེ་སྟོབས་ཤུགས་གཅིག་སྡུད་ཐོག་ནས་འགག་སྒྲོལ་བྱེད་དགོས་ཞེས་གསུངས་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་ཟུང་འབྲེལ་བྱེད་དགོས་པ་དང་། ཏང་གིས་སྒྱུར་བཅོས་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྒྲིག་གཞི་འཐུས་ཚང་འཛུགས་པ། འགོ་ཁྲིད་ཀྱི་འཐབ་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་དེར་སྒྱུར་བཅོས་བྱེད་པ། དོན་འཁྱོལ་སྒྲིག་གཞིར་སྐུལ་འདེད་གཏོང་བ། ཀྲུང་དབྱང་དང་ས་གནས་དང་། སྣེ་ཁྲིད་ཚན་པ་དང་ཐེ་ཞུགས་ཚན་པ། གཙོ་གཟུགས་སྒྱུར་བཅོས་དང་ཆ་སྦྱོར་ཇུས་གཞི། སྒྱུར་བཅོས་བྱ་ཐབས་དང་བཅའ་ཁྲིམས་འགན་སྲུང་། ཚོད་གནས་འཚོལ་ཞིབ་དང་ཕྱོགས་བསྡོམས་ཁྱབ་གདལ། སྒྱུར་བཅོས་ལས་འགན་ལ་སྐུལ་འདེད་དང་ལས་ཁུངས་འགན་ནུས་ལེགས་སྒྲིག་བཅས་ཀྱི་ཆ་སྦྱོར་མཉམ་འགུལ་ཐད་ཤུགས་སྣོན་བརྒྱབ་ནས་སྒྱུར་བཅོས་ཀྱི་བྱ་ཐབས་སྣ་མང་དོན་འཁྱོལ་ཡག་པོ་བྱེད་དགོས། སྒྱུར་བཅོས་འཐབ་ཇུས་ཀྱི་བརྟན་ཤུགས་རྒྱུན་འཁྱོངས་བྱས་ནས་སྒྱུར་བཅོས་ཀྱིས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་གནས་བབ་ཆེན་པོར་ཞབས་ཞུ་དེ་བས་ཡག་པ་བསྒྲུབ་དགོས། སྒྱུར་བཅོས་གོང་འཕེལ་གྱི་བསམ་ཕྱོགས་ཇུས་འགོད་དང་། མངོན་གསལ་དོད་པའི་འགལ་ཟླ་ཐག་གཅོད། ཉེན་ཁ་དང་འགྲན་རྩོད་སྔོན་འགོག གསར་གཏོད་གསོན་ཤུགས་སྐུལ་སྤེལ་བཅས་ཀྱི་ཐད་འབད་བརྩོན་བྱེད་དགོས་པ་དང་། སྒྱུར་བཅོས་དང་གོང་འཕེལ། བརྟན་ལྷིང་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ཏང་གི་འགོ་ཁྲིད་དང་མི་དམངས་མང་ཚོགས་ཀྱི་གསར་གཏོད་སྙིང་སྟོབས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྒྱུར་བཅོས་ཀྱི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་བཅས་ལ་མཐོང་ཆེན་བྱེད་པ། ཁྱབ་ཁོངས་ཁག་གི་སྒྱུར་བཅོས་འཕེལ་རིམ་ལ་གཅིག་གྱུར་འཆར་འགོད་བྱས་ནས་སྤྱི་ཡོངས་ཕན་འབྲས་ཐོན་པ་བཅས་བྱེད་དགོས། སྒྱུར་བཅོས་ཀྱི་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་བཏང་ཏེ་སྒྱུར་བཅོས་ཇུས་གཞི་དངོས་འགྲུབ་པ་དང་དེ་ལག་བསྟར་ནུས་ལྡན་ཐུབ་རྒྱུར་འགན་སྲུང་བྱེད་དགོས། དུས་བབ་དང་ལས་འགན། ལས་དོན་བཅས་ཚང་མར་འགྱུར་ལྡོག་འགྲོ་བཞིན་ཡོད་པས་ངེས་པར་དུ་ངོས་འཛིན་ཡང་དག་ཐུབ་པ་དང་། ཚན་རིག་དང་མཐུན་པའི་ཁ་གཏད་གཅོག་པ། རང་རྟོགས་ངང་བསྒྱུར་བ་བཅས་བྱས་ནས་དོན་དངོས་གནད་དོན་ཐག་གཅོད་བྱ་རྒྱུ་དེ་སྒྱུར་བཅོས་ཇུས་གཞི་བཟོ་བའི་འགོ་འཛུགས་སར་བརྩི་དགོས་པ་དང་། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་གནས་བབ་ཧྲིལ་པོ་དང་འབྲེལ་བའི་སྒྱུར་བཅོས་དང་། ལམ་ལུགས་གསར་གཏོད་ཆེ་གྲས་དང་འབྲེལ་བའི་སྒྱུར་བཅོས། མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་པའི་སྒྱུར་བཅོས་བཅས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་སྔོན་ལ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་དགོས། སྒྱུར་བཅོས་ཀྱི་གྲུབ་འབྲས་མ་ལག་ལྡན་པའི་ངང་འདུས་གྲུབ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། གྲུབ་འབྲས་གསེད་བཀྲོལ་དང་སྦྲེལ་མཐུད་ཡག་པོ་བྱེད་པ། སྤྱི་ཡོངས་ནས་ལམ་ལུགས་ཁག་དེ་བས་གནད་ལ་སྨིན་པ་དང་དེ་བས་གཏན་འཁེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།
ཝང་ཧུའུ་ཉིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་ཐོབ་པའི་ཕན་འབྲས་དང་རྩ་ཆེའི་ཉམས་མྱོང་ལ་གདེང་འཇོག་གང་ལེགས་གནང་ཡོད་ལ། ལས་ཁུངས་སྒྱུར་བཅོས་ཀྱི་གྲུབ་འབྲས་བརྟན་གཏོང་དང་། ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་གནང་བས་དེར་བསམ་བློའི་རང་བཞིན་དང་མཛུབ་ཁྲིད་རང་བཞིན། དམིགས་བཙུགས་རང་བཞིན་བཅས་ཆེན་པོ་ལྡན་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལོན་དགོས་པ་དང་། འདུ་ཤེས་བཞི་ཤུགས་ཆེར་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱེད་དགོས་པ་དང་། མིག་སྔར་སྤེལ་བཞིན་པའི་ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་སེམས་ལ་བརྟན་པོར་ངེས་ཞེས་པའི་བརྗོད་གཙོའི་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཐད་བསྐྲུན་པའི་ཕན་ཡོད་ཆ་རྐྱེན་བེད་སྤྱོད་ཡག་པོ་བྱེད་པ། སྒྱུར་བཅོས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྒོ་ཀུན་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་རྣམ་པ་གསར་པ་གཏོད་དགོས་ཞེས་གསུངས་ཡོད།
ཚོགས་འདུའི་ཐོག ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་མཐུན་སྦྱོར་ཚོགས་ཆུང་གཞུང་ལས་ཁང་དང་། ཀྲུང་དབྱང་རྩ་འཛུགས་པུའུ། ཀྲུང་དབྱང་ལས་ཁུངས་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་། སྤྱི་བདེ་པུའུ། འབྱུང་ཁམས་ཁོར་ཡུག་པུའུ། དམག་ཞབས་ཐིམ་པའི་དམག་མིའི་བྱ་དོན་པུའུ། འཕྲལ་སྒྲུབ་དོ་དམ་པུའུ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། ཀྲེ་ཅང་ཞིང་ཆེན། ཀུའེ་ཀྲའུ་ཞིང་ཆེན་སོགས་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་སྙན་སེང་གཏམ་བཤད་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན། རྒྱལ་དོན་ཨུ་ཡོན། ཆེད་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེད་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་བཅས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།
ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་མཐུན་སྦྱོར་ཚོགས་ཆུང་གི་ཁོངས་མི། ཞིང་ལྗོངས་དང་གྲོང་ཁྱེར་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚན་པ། དམག་དཔུང་གི་འབྲེལ་ཡོད་ཚན་པ་བཅས་ཀྱི་འགོ་ཁྲིད་མི་སྣ་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།
རྩོམ་ཡིག་སྔོན་མ།
མཛོད་དགེས་བོད་ཀྱི་ཟློས་གར་གསར་རྩོམ་གྱི་གསོ་སྦྱོང་བྱེད་བཞིན་ཡོད།
རྩོམ་ཡིག་རྗེས་མ།
༄༅།། གད་སྙིགས།
ཕུན་ཚོགས་མཛའ་འབྲེལ།
ཀྲུང་གོའི་བོད་ཀྱི་དྲ་བ།
ཀྲུང་གོའི་བོད་ལྗོངས་དྲ་བ།
ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཁམས་པའི་བརྙན་འཕྲིན།
ཁམས་པའི་དྲ་བ།
གུང་ཁྲན་ཏང་གི་གསར་འགྱུར་དྲ་བ།
སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
མཚོ་སྔོན་པོ་དྲ་བ།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་།
བོད་ཡིག་ཡིག་བསྒྱུར་ལྷུ་ལག
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།
蜀ICP备14009601号-1