ཟླ་6ཚེས་19ཉིན་ནས་བཟུང་མཛོད་དགེ་རྫོང་རིག་གནས་ལུས་རྩལ་ལྗོངས་སྐོར་ཅུས་ཀྱིས་བོད་ཀྱི་ཟློས་གར་གསར་རྩོམ་གྱི་གསོ་སྦྱོང་འཛིན་གྲྭ་དངོས་སུ་ཚོགས་བཞིན་ཡོད། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་རྫོང་དེའི་བོད་ཀྱི་ཟློས་གར་ཚོགས་པ་ལྔ་ནས་ཐོན་པའི་སློབ་མ་48ཞུགས་ཡོད་ལ། ཟླ་7ཚེས་10ཉིན་ནས་མཇུག་བསྒྲིལ་བ་དང་གསོ་སྦྱོང་བྱེད་ཡུན་22ཡིན།
གསོ་སྦྱོང་ལ་གཙོ་བོ་བོད་ཀྱི་ཟློས་གར་འཁྲབ་སྟོན་ལས། རོལ་ཆ་དཀྲོལ་རྡུང་འབུད་གསུམ་དང་། གཞུང་ཚིག་གྱེར་འདོན་འཁྲབ་གསུམ་གྱི་ཐབས་ཤེས་སློབ་སྦྱོང་དང་། གཞན་ད་དུང་ཟློས་གར་གྱི་གཞུང་ལུགས་ལའང་སློབ་སྦྱོང་བྱས་ཏེ་བོད་ཀྱི་ཟློས་གར་འཁྲབ་སྟོན་བྱེད་སྟངས་ཆེད་ལས་ཅན་དང་སྒྱུ་རྩལ་གྱི་ཁྱད་ཆོས་སུ་འགྱུར་བར་བརྩོན་རྒྱུ་རེད།ཐེངས་འདིའི་གསོ་སྦྱོང་ནི་རྫོང་དེའི་བོད་ཀྱི་ཟློས་གར་རྒྱུད་འཛིན་པའི་ནུས་པ་སྐྱེད་སྲིང་གི་ཐབས་ཤེས་ཅིག་ཡིན་ལ། གལ་ཏེ་བྱེད་ཐབས་འདིས་ནུས་པ་དངོས་སུ་འདོན་ཐུབ་ན། མཛོད་དགེ་རྫོང་གི་དངོས་མིན་ཤུལ་བཞག་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་དགེ་མཚན་ཆེ་བའི་ཕན་ནུས་ཐོན་ངེས།