འཇང་ས་དམ་ལ་བྲིས་པ།
ཁ་བ་དཀར་པོ། ( བདེ་ཆེན) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-15
ཨ་གསར་མ་ཡིན་དུས་རྒྱུན་དུ༎
ཧ་ལམ་ལན་རེ་འགྲོ་འདོད་ལངས༎
ས་དམ་འཇང་གི་ཡུལ་གྲུ་འདིར༎
ཤ་ཉེ་སྤུན་མཆེད་མེད་ན་ཡང་༎
ལ་ལུང་ཀུན་པོ་ཉེ་བ་བཞིན༎
ར་བ་གངས་རིས་ཅུང་ཟད་བསྐོར༎
ཡ་ཐོག་རིང་མོའི་དུས་སུ་ལ༎
འ་ཅག་བོད་དང་འགྲོ་འོང་གདའ༎
ཟ་མ་བུད་མེད་དབང་ཆུང་ཞིང་༎
ཞ་ཞིར་གཅེས་པ་བོད་དང་མཚུངས༎
ཝ་ན་ཇི་བཞིན་སྔོ་ལྗང་ཅན༎
ཛ་ཡའི་བསྟན་པ་ཨེན་ཙམ་དར༎
ཚ་གྲང་ཤིན་ཏུ་སྙོམས་པ་ཡིས༎
ཙ་རིས་འགྲན་ཟླ་ག་ལ་འོང་༎
མ་ཕམ་གཡུ་མཚོའི་དོ་ཡ་ཞིག།
བ་ནེ་བུ་ནེའི་སྤྲིན་འོག་ཏུ༎
ཕ་ཀིར་ལ་ཧྲི་མཚོ་ཞེས་ཆགས༎
པ་སངས་སྤེན་པར་མཚོ་འགྲམ་སྐྱིད༎
ན་ཚོད་རྒན་གཞོན་དབྱེར་མེད་པའི༎
ད་ལྟའི་འཛམ་གླིང་ཡུལ་སྐོར་བ༎
ཐ་དད་བསམ་པ་མི་གཅིག་ཀྱང་༎
ཏཱ་ལི་ས་དམ་ལྷ་ཡི་ཡུལ༎
ཉ་ཤ་བྱ་ཤ་བྲོ་བ་ཆེ༎
ཇ་ཁང་ཆང་ཁང་ལྷག་པར་འབེལ༎
ཆ་ཆར་འགྲོ་བའི་གཞོན་ནུ་མཛེས༎
ཅ་ལག་ཁྱད་མཚར་ཀུན་ནི་འཛོམས༎
ང་ཅག་བོད་པ་མང་བོས་ཀྱང་༎
ག་ལེར་འཇང་ཡུལ་ས་དམ་དུ༎
ཁ་ནས་ལས་འཁྱུར་ཟེར་བཞིན་དུ༎
ཀ་མེད་ཁང་བ་ཉོ་མཁན་མང་༎
༢༠༡༨.༡༠.༡༩