དཔལ་ཡུལ་གྱི་མི་རིགས་ལག་རྩལ་ཐོན་རྫས་ཚོང་ཁང་།
རོང་བྲག་བརྒྱ་གྲོང་གི་བོད་སྡེ།
སྡེ་དགེ་དཔར་ཁང་ནང་གི་དཔར་སྐྲུན་ཡུལ་དངོས།
དཀར་མཛེས་ཁུལ་གྱི་དམངས་སྲོལ་རིག་གནས་སྣ་མང་ཕུན་སུམ་ཚོགས་ཤིང་། ཁམས་པའི་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་ཡོད། 《བོད་དང་ཆའང་རིགས། དབྱི་རིགས་བཅས་ཀྱི་རིག་གནས་ཐོན་ལས་འགྲོ་ཕྱོགས་ཀྱི་སྤྱིའི་འཆར་བཀོད》ཞེས་པའི་མཛུབ་སྟོན་འོག ལས་གཞིའི་ལག་ལེན་གྱི་ལྟེ་བའི་ཁྱབ་ཁོངས་ཡིན་པའི་དཀར་མཛེས་ཁུལ་གྱིས། ཁམས་པའི་རིག་གནས་དང་ཡུལ་སྐོར། རིག་གནས་འཛད་སྤྱོད་བཅས་གསུམ་པོ་མཉམ་བསྲེས་བྱས་ནས། བོད་དང་ཆའང་། དབྱི་རིགས་བཅས་ཀྱི་རིག་གནས་ཐོན་ལས་ཀྱི་འགྲོ་ཕྱོགས་ལ་ཐུན་མོང་མ་ཡིན་པའི་དཀར་མཛེས་ཀྱི་ཁྱད་ཆོས་ཤིག་ལྡན་པར་བྱས།
གསེར་མདོག་གི་སྟོན་ཀ་འདིར། དར་མདོའི་ཕག་མོ་རིའི་འདབས་སུ། གངས་ཆབ་ཀྱི་བདུད་རྩི། དར་མདོ་ཡི་མུ་ཏིག་ཅེས་པའི་རིག་གནས་ཡུལ་སྐོར་ཐོན་ལས་གླིང་ད་ལྟ་དངོས་སུ་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་ལ། ལས་གཞི་འདིའི་མ་རྩ་གཏོང་མཁན་སི་ཁྲོན་ཆིན་ཁྲེན་ཚོགས་པའི་ཚད་ཡོད་སྤྱི་གཉེར་ཁང་གི་རྒྱུན་ལས་སྤྱི་གཉེར་གཞོན་པ་ཞུའེ་ཐིང་གིས། དགུན་དུས་འདི་ནས་ལས་ཀ་བྱེད་མི་ཐུབ་པས། ད་ལྟ་དུས་ཚོད་དམ་འཛིན་བྱས་ཏེ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད་ཅེས་བཤད།
གངས་ཆབ་ཀྱི་བདུད་རྩི། དར་མདོ་ཡི་མུ་ཏིག་ཅེས་པའི་ལས་གཞི་འདི་རིག་གནས་པུའུ་ཡི་བོད་ཆའང་དབྱི་ཡི་རིག་གནས་ཐོན་ལས་འགྲོ་ཕྱོགས་ཀྱི་ལས་གཞི་གཙོ་བོ་36པའི་གྲས་སུ་འདེམས་ཡོད། ལས་གཞི་འདིར་ཡུལ་སྐོར་མགྲོན་བྲང་དང་། རིག་གནས་མྱོང་རོལ། ཉོ་ཚོང་དང་ཁམས་གསེང་། དངོས་མིན་ཤུལ་བཞག་རིག་གནས་ཞིབ་འཇུག་སོགས་ཀྱི་ལས་དོན་སྣ་ཚོགས་ཤིག་མཉམ་བསྒྲིལ་གྱིས། ཡུལ་སྐོར་སྐུ་མགྲོན་དག་ལ་བོད་ཁུལ་གྱི་རིག་གནས་དང་སྒྱུ་རྩལ་གྱི་མིག་གི་དགའ་སྟོན་ཞིག་འབུལ་རྒྱུ་རེད། །