རྒྱལ་ཁབ་སྨན་བཅོས་རུ་ཁག་གི་ཆེད་མཁས་པས་དར་མདོའི་མཛའ་གཞས་ཐང་ཆེན་དུ་འོས་བརྟག་བྱེད་སྒོ་སྤེལ།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-22


           སྤྱི་ཟླ་10པའི་ཚེས་19ཉིན། སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་རྒྱལ་ཁབ་སྨན་བཅོས་རུ་ཁག་གི་ཆེད་མཁས་པས་དར་མདོའི་མཛའ་གཞས་ཐང་ཆེན་དུ་འོས་བརྟག་བྱེད་སྒོ་སྤེལ། གསར་འགོད་པས་ཡུལ་དངོས་ནས་མཐོང་བ་ལྟར་ན། ཞོགས་པའི་ཆུ་ཚོད་10ལ་སླེབས་དུས་གྲོང་ཁྱེར་གྱི་སྡོད་དམངས་མང་པོ་ཞིག་དེ་རུ་གྲལ་བསྒྲིགས་ནས་སྨན་བཅོས་ཆེད་མཁས་པར་སྒུག་འདུག   ད་ལོ་ལོ་70ལྷག་ཡིན་པའི་ཝང་རྒན་མོ་གྲལ་གྱི་ཆེས་འགོ་མར་བསྒྲིགས་ཡོད་ལ། མོ་ནི་དར་མདོ་ས་གནས་རང་གི་མི་ཡིན། ཁོ་མོས་སྨན་པ་སླེབས་རྗེས་རང་གི་ལུས་པོའི་གནས་ཚུལ་འདི་ལྟར་བཤད། ངའི་སེམས་ཁ་མི་བཟང་བ་མ་ཟད། ཁྲག་རྩ་ཡང་མཐོན་པོ་འདུག ཉིན་འདི་འགར་ཧྭ་ཞི་སྨན་ཁང་དུ་སྨན་པ་བསྟོན་པར་ཡོང་འདོད་ཡོད། དེ་རིང་སྟབས་ལེགས་ནས་འོས་བརྟག་དང་འཕྲད་སོང་། ཞེས་སྨན་པར་བཤད། སྨན་བཅོས་ཆེད་མཁས་པས་དུས་ཐོག་ཏུ་ཝང་རྒན་མོའི་ནད་ལ་བརྟག་རྗེས། མོ་ལ་སྨན་བཅོས་བྱ་བའི་བསམ་འཆར་བཤད། ངོ་སྤྲོད་བྱས་པ་ལྟར་ན།ཐེངས་འདིའི་འོས་བརྟག་གི་ལས་ཀའི་ཁྲོད་དུ་རྒྱུན་མཐོང་ནད་རིགས་སྣ་ཚོགས་དང་། འབྱུང་མང་པའི་ནད་རིགས། དེ་མིན་དལ་ནད་སོགས་ཀྱི་འདྲི་རྨེད་འདུས་ཡོད་པ་དང་། སྤྱིར་བཏང་གི་ནད་བརྟག་ཐབས་དང་སྨན་བཅོས་བྱ་ཐབས། དེ་མིན་གསོ་རིག་གི་རྒྱུན་ཤེས་དང་བདེ་ཐང་གི་ཤེས་བྱ། ཆེད་ལས་སློབ་ཚན་གྱི་ལག་རྩལ་གསར་པ་སོགས་མང་ཚོགས་ལ་བརྒྱུད་སྤེལ་བྱས་ནས། མང་ཚོགས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་སྨན་བཅོས་འཕྲོད་བསྟེན་བྱེད་པར་སྣེ་འཁྲིད་བྱས་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1