ཀན་སུའུ་ཞིང་ཆེན་ནི་ས་སེར་མཐོ་སྒང་དང་། སོག་པོའི་མཐོ་སྒང་། མཚོ་བོད་མཐོ་སྒང་བཅས་ས་མཐོ་ཆེན་པོ་གསུམ་གྱི་འདྲེས་མཚམས་སུ་གནས་པ་དང་། དེར་རྩྭ་ཐང་དང་། ནགས་ཚལ། བྱེ་ཐང་། འདམ་ར། རི་ཁུལ་སོགས་ས་དབྱིབས་སྣ་ཚོགས་ཡོད། ཉེ་བའི་ལོ་ཤས་རིང་། ཀན་སུའུ་ཡིས་ཆུ་འགོའི་གསོ་སྐྱོང་ཁུལ་ལ་སྲུང་སྐྱོང་དང་། ཐང་རྒོད་ཅན་དུ་འགྱུར་བར་བཅོས་སྐྱོང་། རྨོ་བསྐྱུར་ནགས་གསོ་སོགས་ཀྱི་བྱ་ཐབས་སྤྱད་པ་བརྒྱུད་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད།
མདོ་ལ་རི་བོ་ནི་རང་རྒྱལ་ནུབ་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན། མདོ་ལ་རི་རྒྱུད་ཀྱི་ཕུན་སུམ་ཚོགས་པའི་གངས་འཁྱགས་ཞུན་ཆུས་རྨ་ནུབ་དོག་ལམ་གྱི་ས་གཞི་ཆེན་པོ་ལ་འཚོ་བཅུད་སྤྲོད་ཀྱི་ཡོད་པས། རང་རྒྱལ་ནུབ་བྱང་ས་ཁུལ་གྱི་ཚོང་འབྲུ་དང་དཔལ་འབྱོར་ལོ་ཏོག་ཐོན་ཁུལ་གཙོ་བོ་ཞིག་ཏུ་ཆགས་ཡོད།
ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་ཀན་སུའུ་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས་ཡོད་ལ། དེ་ནི་རྨ་ཆུའི་ཆུ་ཁུངས་མཁོ་སྤྲོད་ཀྱི་སྣོད་བཅུད་ནུས་པའི་ཁུལ་གལ་ཆེན་དང་ཆིན་པ་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྣོད་བཅུད་ནུས་པའི་ཁུལ་ཡིན་ཞིང་། དེར་འདམ་ར་སྣ་ཚོགས་མུའུ་ཁྲི་730ལྷག་ཙམ་ཡོད་པ་དེས་ལོ་རེར་རྨ་ཆུར་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་བརྒྱ་ལྷག་ཙམ་མཁོ་སྤྲོད་བྱེད་བཞིན་ཡོད་པས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”གི་གྲུབ་ཆ་གལ་ཆེན་ཞིག་རེད།
རྨ་ནུབ་དོག་ལམ་གྱི་ནུབ་སྣེར་གནས་པའི་ཏུན་ཧོང་དང་། ནུབ་བྱང་གི་སྲུང་ཡོལ་གལ་ཆེན་མདོ་ལ་རི་བོ། “ཤམ་བྷ་ལ”ཡི་མཚན་སྙན་ཡོད་པའི་ཀན་ལྷོ་རྩྭ་ཐང་སོགས་དང་། ས་སེར་མཐོ་སྒང་དང་། ཀྱག་ཀྱོག་གི་རྨ་ཆུ། རྒྱ་ཆེ་བའི་རྩྭ་ཐང་། མཐའ་མེད་པའི་མྱ་ངམ་ཐང་། དྭངས་གཙང་གི་འཁྱག་རོམ་བཅས་གནས་ཡོད་པའི་ཀན་སུའུ་ས་གཞི་ཆེན་པོས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།
ཟླ་8ཚེས་25ཉིན་ནས་ཚེས་27ཉིན་བར། པེ་ཅིང་འཛམ་གླིང་སྐྱེད་ཚལ་སྟོན་ཚོགས་ཀྱིས“ཀན་སུའུ་ཉིན་མོའི”བྱེད་སྒོ་སྤེལ་ནས། འཛམ་གླིང་ས་གནས་ཁག་ནས་ཡོང་བའི་སྐུ་མགྲོན་ལ་སྣ་མང་ཅན་གྱི“ཀན་སུའུ་ཡི་གཞི་རྒྱུ”ངོམས་ཡོད།