འབད་བརྩོན་གྱི་འདུ་ལོང་རྒོད་པའི་ལོ་ངོ་བདུན་བཅུ། བདེ་སྐྱིད་ཀྱི་འཚོ་བར་བསྙེགས་པའི་ལོ་ངོ་བདུན་བཅུ། ལོ་ཤས་རིང་དུ། ཧུང་ཡོན་རྫོང་གིས་ཀྲུང་དབྱང་དང་ཞིང་ཨུས་བཏོན་པའི་སྲིད་ཇུས་རབ་དང་རིམ་པ་ལག་ལེན་དཔྱིས་ཕྱིན་པར་བྱས་ཤིང་། ཁུལ་ཡོངས་ཀྱི་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་གྱི་འཕེལ་རྒྱས་འཐབ་ཇུས་གསར་བ་ལག་ཏུ་བསྟར་ཏེ། རྩྭ་ཐང་གི་དཔལ་འབྱོར་དཔེ་སྟོན་རྟེན་གཞི་དང་མི་རིགས་མཐུན་སྒྲིལ། ཚོང་ཟོག་ཉོ་འཚོང་གི་ལྟེ་གནས་སོགས་གཅིག་རྗེས་གཉིས་མཐུད་ཀྱིས་བསྐྲུན་པས། དུས་རབས་གསར་བའི་ཁྱད་ཆོས་ངང་ངམ་ཤུགས་ཀྱིས་དོད་འདུག དེང་སང་། ཧུང་ཡོན་རྫོང་ནི་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ་དང་། སི་ཁྲོན་ཞིང་ཆེན་གྱི་དེང་རབས་རྩྭ་ཐང་གི་ཕྱུགས་འཚོའི་ལས་རིགས་ཚོད་ལྟའི་དཔེ་སྟོན་རྫོང་། ན་འདམ་སྲུང་སྐྱོང་ཚོད་ལྟའི་རྫོང་། སྐྱེ་ཁམས་དོ་མཉམ་བདག་སྐྱོང་གི་དཔེ་སྟོན་ཁུལ། གྲོང་གསེབ་དར་རྒྱས་དཔེ་སྟོན་རྫོང་བཅས་ཀྱི་མིང་གྲལ་དུ་ཚུད།
བཅོས་སྒྱུར་སྔོན་གྱི་རྫོང་མཁར།
སྦྲ་གུར་གཅིག་དང་རྟ་ནོར་ལུག་གསུམ་དང་འགྲོགས་ནས་མཚེར་ས་གང་སར་སྤར་བ་ནི། དམངས་གཙོ་བཅོས་སྒྱུར་སྔོན་གྱི་འབྲོག་པའི་འཚོ་བ་ཡིན།
རྒྱུས་ལོན་པ་ལྟར་ན། སྤྱི་ལོ་1978ལོར་ཧུང་ཡོན་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་2192ཡིན་པ་དང་། སྤྱི་ལོ་2019ལོར་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་130276ཡིན་པས་ལྡབ་59འཕར་བ་རེད། སྤྱི་ལོ་1978ལོར་ནོར་སྲིད་ཡོང་འབབ་སྒོར་ཁྲི་92.8ཡིན་པ་དང་། སྤྱི་ལོ་2018ལོར་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་4380ཡིན་པས་ལྡབ་47འཕར་བ་རེད། སྤྱི་ལོ་1952ལོར་བཟོ་ལས་སྤྱིའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་0.64ནས་སྤྱི་ལོ་2018ལོར་སླེབས་པ་ན། ཡོང་འབབ་སྒོར་ཁྲི་123420ཡིན་པས་ལྡབ་ཁྲི་19འཕར་བ་རེད། སྤྱི་ལོ1959ལོར་སྤྱི་ཚོགས་ཡོངས་ཀྱི་འཛད་སྤྱོད་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་658ཡིན་པ་དང་། སྤྱི་ལོ་2018ལོར་འཛད་སྤྱོད་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་36062ཡིན་པས་ལྡབ་54འཕར་བ་རེད། སྤྱི་ལོ་1960ལོར་རོང་འབྲོག་མི་དམངས་ཀྱི་ཆ་སྙོམས་ཡོང་འབབ་སྒོར་120ཡིན་པ་དང་། སྤྱི་ལོ་2018ལོར་རོང་འབྲོག་མི་དམངས་ཀྱི་ཆ་སྙོམས་ཡོང་འབབ་སྒོར་13525ཡིན་པས་ལྡབ་113ཉེ་བར་འཕར་བ་རེད། སྤྱི་ལོ་1992ལོར་ལྗོངས་རྒྱུ་བ་མི་ཐེངས་ཁྲི་1.02སྣེ་ལེན་བྱས་པ་དང་། སྤྱི་ལོ་2018ལོར་ལྗོངས་རྒྱུ་བ་མི་ཐེངས་ཁྲི་170སྣེ་ལེན་བྱས་པས་ལྡབ་170འཕར་ཞིང་། ཡོང་འབབ་སྒོར་ཁྲི་138000ཡིན་པས་ལྡབ་9718འཕར་བ་རེད།
གོང་གི་གྲངས་ཀ་འདི་དག་ལས་ང་ཚོས་ཏང་གི་མི་རིགས་སྲིད་ཇུས་ཀྱི་ཉི་འོད་ཁྲོད་ཧུང་ཡོན་རྫོང་གི་སྒྱུར་བཅོས་སྒོ་འབྱེད་ལ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད་པ་གསལ་བོར་ཤེས་ཐུབ། དུས་རབས་གསར་བ་དང་རྣམ་པ་གསར་བ། གྲུབ་འབྲས་གསར་བ་བཅས་ཀྱི་འགྲམ་ངོགས་སུ། ཧུང་ཡོན་རྫོང་གི་རིམ་པ་སོ་སོའི་ལས་བྱེད་པ་དང་རོང་འབྲོག་མི་དམངས་ཀུན་གྱིས། བྱ་བ་ཐམས་ཅད་འབད་པས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ལ་རང་གི་ནུས་པས་སྲི་ཞུ་བསྒྲུབས་དང་སྒྲུབ་ཀྱིན་ཡོད་དོ།།