དར་མདོ་གྲོང་ཁྱེར་གྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་བཏང་།

དབྱངས་ཅན་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-11



   དར་མདོ་གྲོང་ཁྱེར་གྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་བཏང་།

        དབུལ་ཞྭ་ཕུད་རྗེས་ཕྲག་ཐོག་ལ་ཡོད་པའི་དབུལ་ཐར་འགག་སྒྲོལ་གྱི་འགན་འཁྲི་འཇོག་ཆོག་པ་རེད་དམ་ཞེ་ན། དར་མདོ་གྲོང་ཁྱེར་གྱིས་དབུལ་ཕོངས་ལས་ཐར་རྗེས་ད་དུང་ཐོན་ལས་རོགས་སྐྱོར་དང་ཁ་གཏད་རོགས་སྐྱོར། བསམ་བློའི་སྤོབས་པ་སྤོབས་པ་སྐྱོང་བར་རོགས་སྐྱོར་བཅས་ཧུར་ཐག་བྱས་པ་རེད།

        དབུལ་ཐར་བྱུང་ནས་དབུལ་ཕོངས་ཞྭ་མོ་ཕུད་ཐུབ་པ་བྱུང་ཡང་དར་མདོ་གྲོང་ཁྱེར་གྱིས་སྔར་བཞིན་རྒྱུན་འཁྱོངས་ལྷོད་མེད་ངང་བྱེད་ཐབས་སྤྱོད་གང་ཐུབ་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་བཏང་བ་རེད།

        ཐོན་ལས་དབུལ་སྐྱོར་བྱས་ཏེ་ཡོང་འབབ་འཕར་སྣོན་བཏང་། ཐོན་ལས་འཕེལ་རྒྱས་གཏོང་བའི་དབུལ་ཐར་གྱི་གནད་འགག་དམ་འཛིན་བྱས་ཏེ། རང་ཁུལ་གྱི་ནུབ་རྒྱུད་གསར་སྦོལ་དང་ཤར་རྒྱུད་སྤུས་དག་ཅན་དུ་འགྱུར་བའི་ཞིང་འབྲོག་ཐོན་ལས་ཀྱི་ཆགས་ཚུལ་རྒྱུན་འཁྱོངས་བྱེད་ཅིང་། རྒྱུ་ལའི་ཤར་རྒྱུད་སུ་མུའུ་ཁྲི་ལྡན་པའི་ལུག་གྲོད་ཤ་མོ་དང་། སྨན་རྩྭ། ཤིང་ཏོག་སྣ་ཚོགས་ཀྱི་རྟེན་གཞི་སོགས་མུ་འབྲེལ་གསར་སྐྲུན་བྱེད་ཅིང་། རྒྱུ་ལའི་ནུབ་རྒྱུད་དུ་མུའུ་ཁྲི་ལྡན་པའི་མཐོ་སྒང་གི་བཅུད་ལྡན་སྔོ་ཚལ་དང་ནས་ནག་གི་རྟེན་གཞི་མུ་འབྲེལ་གསར་སྐྲུན་བྱེད་པ། བཟའ་སྣུམ་དང་། སྔོ་ཚལ། ཆང་རག ཤ ཤ་མོ། ཤིང་ཏོག ཇ། སྨན་རྫས། ཆུ་སོགས་ཁྱད་ཆོས་ལྡན་པའི་ཐོན་རྫས་རིགས10མུ་འབྲེལ་གསར་སྐྲུན་བྱས་ནས། ཞིང་ལས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཡུལ་དེར་ལས་སྣོན་སྤུས་དག་བྱ་རྒྱུ་སྐུལ་འདེད་གཏོང་བ་དང་། ཐོན་ལས་ཀྱི་འབྲེལ་ཐག་ཇེ་རིང་གཏོང་ཞོར་འཕར་རིན་ཐང་ཇེ་ཆེར་བཏང་བ་རེད། ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་ལས་ཀྱི་རྟེན་གཞི་མུའུ་ཁྲི9.23དང་། ཆེད་ལས་མཉམ་ལས་ཁང་། ཁྱིམ་ཚང་གི་ཞིང་ར། འདེབས་འཛུགས་དུད་ཆེན704 བཅས་བསྐྲུན་པ་དང་། ཞིང་ལས་ཀྱི་ཐོན་རྫས་གསུམ་དང་མཚོན་རྟགས་གཅིག་གི་ཐོག་ནས་ར་སྤྲོད་བྱས་པའི་ཞིང་ལས་ཐོན་རྫས26ཡོད། གྲོང་སྡེ་དར་རྒྱས་གཏོང་བའི་གོ་སྐབས་དང་བསྟུན་ཏེ་ལྗོངས་ཁུལ་ཁྲིད་སྟོན་ཅན་དང་། ཡུལ་སྐོར་ཚོང་ཟོག་ཅན། གྲོང་སྡེ་ཡུལ་སྐོར་ཅན་སོགས་ཀྱི་དབུལ་སྐྱོར་བྱེད་སྟངས་གསར་པར་བརྟེན་ནས། མཛའ་གཞས་རིག་གནས་དང་། ཡུལ་དཔོན་གྱི་གཞིས་བྲང་རིག་གནས། འགོ་ཐང་རིག་གནས་བཅས་སྔོག་འདོན་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར1.87གཏོང་འཇོག་བྱས་ཏེ་སྔར་སྣུར་དུ་ཁུལ་ཡོངས་སུ་གྲོང་སྡེ་དར་རྒྱས་གཏོང་བའི་ལྟེ་བ་གཅིག་དང་ས་ཁུལ་ལྔ་ཡི་དཔེ་སྟོན་ཨར་ལས་སྤེལ་འགོ་ཚུགས་ཤིང་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་བདེ་གསོ་བྱེད་ས་གསར་སྐྲུན་བྱས་ནས། 2019ལོའི་ལོ་སྟོད་དུ་འགྲུལ་པ་ཁྲི269.99ལ་སྣེ་ལེན་བྱས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར29.66མངོན་འགྱུར་བྱུང་ནས་ན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆ28.7དང་བརྒྱ་ཆ41.7འཕར་སྣོན་བྱུང་ཡོད།

        ཁ་གཏད་རོགས་སྐྱོར་བྱས་ཏེ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་། ཀོང་ཏུང་ཞིང་ཆེན་ཤར་ནུབ་ས་ཁུལ་གྱི་དབུལ་སྐྱོར་རོགས་ལས་དང་། ཏུའུ་ཅང་ཡན་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་དང་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ། སི་ཁྲོན་མི་རིགས་སློབ་གླིང་། སི་ཁྲོན་ཏ་ཐང་རྒྱལ་སྤྱིའི་དཀར་མཛེས་ཆུ་གློག་གསར་སྦོལ་ཚད་ཡོད་སྤྱི་གཉེར་ཁང་སོགས་ཀྱི་རོགས་སྐྱོར་ནུས་ཤུགས་ཕྱོགས་བསྡུས་ལེགས་སྒྲིག་བྱས་ཏེ། སྔོན་རྗེས་སུ་ཁ་གཏད་རོགས་སྐྱོར་དང་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར2.25གཏོང་འཇོག་བྱས་ཏེ་ཕུལ་བྱུང་གི་བོད་སྐྱོར་ཤེས་ལྡན་ལས་བྱེད་པ103ཡུལ་དངོས་བཅའ་སྡོད་བྱས་ཏེ་ལས་ཀ་སྒྲུབ་པ་དང་། རོགས་སྐྱོར་བྱ་ཡུལ་གྱི་ཐོན་ཁུངས་དགེ་མཚན་དང་རོགས་སྐྱོར་བྱེད་སའི་ཚོང་ར་དང་། དོ་དམ། ཤེས་ལྡན་མི་སྣ་སོགས་ཀྱི་དགེ་མཚན་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ཐོན་ལས་མཉམ་ལས་དང་། ངལ་ལས་མཉམ་བྱེད། ཤེས་ལྡན་མི་སྣའི་རྒྱབ་སྐྱོར། མ་དངུལ་གྱི་རོགས་སྐྱོར། སྤྱི་ཚོགས་ཀྱི་རོགས་སྐྱོར་སོགས་རོགས་འཛུགས་ལས་གཞི68ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས། གཙོ་ཁྲིད་ཁེ་ལས6ཡུལ་དངོས་བཅའ་སྡོད་བྱས་པར་མ་ཟད་ཐོན་ལས་ཀྱི་ལས་གཞི་ཚན་པ་གཅིག་སྐུལ་ཁྲིད་བྱས་ཏེ། ཡུལ་དེའི་ཞིང་ལས་ཀྱི་ཁྱད་ཆོས་ལྡན་པའི་ཁེ་ལས18གོ་སྐབས་དེ་དང་བསྟུན་ནས་ལས་གཞི་སྤེལ་ནས་སྤུས་ཚད་ཡོད་ཀྱང་ཁྱད་བཏགས་མེད་པ་དང་ཁྱད་བཏགས་ཡོད་ཀྱང་ཚོང་ར་མེད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་རེད།

        བསམ་བློའི་སྤོབས་པ་འཕེལ་བའི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་བྱེད་པའི་ལས་གྲྭ་ལག་བསྟར་གཏིང་ཟབ་བྱེད་ཅིང་། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་དར་སྤེལ་བཏང་བ་དང་། སྒོ་འབྱེད་དང་ཁོང་ཡངས། ཡིད་ཆེས་དང་མཛའ་མཐུན། དྲིན་བཟོ་དང་ཞུམ་མེད་མདུན་སྐྱོད། རྣམ་པ་གསར་གཏོད་བྱེད་ཕོད་པ་སོགས་ཀྱི་དར་མདོའི་སྙིང་སྟོབས་དར་སྤེལ་བཏང་ནས། དར་མདོའི་གཏམ་རྒྱུད་དང་ཀུན་སྤྱོད་འཆད་ཁྲིད། གྲོང་མིའི་སློབ་གྲྭ་སོགས་ཡ་རབས་དང་གུས་ལུགས་ཀྱི་གསོ་སྐྱོང་སྦྱོང་བརྡར་བྱས་པ་དང་། ཀུན་སྤྱོད་དཔེ་བཟང་ཅན་དང་། ཉེ་འཁོར་གྱི་མི་བཟང་། ཆེས་ཡག་པོའི་མི་སྣ་སོགས་སྔོན་ཐོན་དཔེ་འོས་ཀྱི་མི་སྣ37འཛུགས་སྤེལ་དང་དྲིལ་བསྒྲགས་བྱས། གྲོང་ཁྱེར་གྱི་དབུལ་ཐར་ཡོང་བའི་དཔེ་བཟང13དང་། དབུལ་ཐར་གྱི་དཔེ་འོས་གྲོང་སྡེ15 ཡག་པོ་བཅུའི་གྲོང་སྡེ20བཅས་ཡོད་པས། སྔོན་ཐོན་དར་སྤེལ་དང་། ཁ་དན་ཚིག་གནས་ལ་གལ་ཆེར་འཛིན་པ། སྤྱོད་བཟང་དང་དགེ་སྒྲུབ་སོགས་ཀྱི་རྣམ་པ་སྐུལ་སྤེལ་བཏང་བ་རེད།

        ཕྱི་མིག་བལྟས་ནས་གཙང་བཤེར་བྱེད་པའི་ལས་ཀ་ཟབ་ཏུ་སྤེལ། ཁྱོན་ཡོངས་སུ་སེམས་ཁྲལ་བྱ་མི་དགོས་པ་གསུམ་དང་འགན་སྲུང་བྱ་རྒྱུ་གསུམ་གྱི་ལས་ཀར་ཕྱི་མིག་ལྟ་བའི་བྱ་སྤྱོད་སྤེལ་འགོ་ཚུགས་ཤིང་། ལས་བྱེད་པ་1145སྒྲིག་འཛུགས་བྱས་ཏེ་ཡུལ་ཤོག་དང་གྲོང་རྡལ་ཁྱབ་ཁོངས་ཀྱི་གྲོང་སྡེ་དང་གྲོང་སྡེ་བར་ཕན་ཚུན་སྣོལ་བ་དང་གྲོང་ཁྱེར་རིམ་པར་འཐེན་བཤེར་བྱེད་པའི་ཐབས་ཤེས་སྤྱད་པ་དང་། ཡིག་ཚགས་དང་བྱང་བུ་བཟོས་པའི་དུད་ཚང་དབུལ་ཕོངས། ཡུལ་གཞན་དུ་གནས་སྤོ་བྱས་པའི་དུད་ཚང་། ཡིག་ཚགས་བྱང་བུ་བཟོས་མེད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་དུད་ཚང་བཅས་གཙོ་བོར་བྱས་ཏེ། རིམ་པ་བདུན་གྱི་ཐོག་ནས་གཙང་བཤེར་བྱེད་པའི་ཐབས་ཤེས་ལྟར། གྲོང་སྡེ་དབུལ་ཕོངས59ལ་ཁེབས་པ་དང་གྲོང་སྡེ་དབུལ་ཕོངས་མིན་པ175བཅས་ཁྱོན་བསྡོམས་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང2915གཙང་བཤེར་བྱས་པ་རེད། དེའི་ནང་ཡུལ་གཞན་དུ་གནས་སྤོ་བྱེད་མཁན་དུད་ཚང298དང་། འབྲེལ་བ་བྱེད་ཐབས་མེད་པའི་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་ཕོངས1 ཡོད་པས་ཞིབ་བཤེར་བྱས་ཚད་བརྒྱ་ཆ100ལ་སླེབས་ཡོད། ཡིག་ཚགས་བྱང་བུ་བཟོས་མེད་པའི་དུད་ཚང13510གཙང་བཤེར་བྱས་པ་དང་ཡིག་ཚགས་བྱང་བུ་བཟོས་མེད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་དུད་ཚང18གཏན་འཁེལ་བྱས། ཆ་འཕྲིན་གཅིག་འགྱུར་མིན་པ་དང་། དུས་ཐོག་ཏུ་གནས་ཚུལ་ལེགས་སྒྲིག་མ་བྱས་པ། ཁྱིམ་ཐོའི་ཆ་འཕྲིན་གཅིག་མཚུངས་མིན་པ་སོགས་ཀྱི་གནད་དོན92རྙེད་པ་རེད།།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1