བཀྲ་ཤར་ཤང་གི་གཡག་འཛིང་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་དངོས་མིན་རིག་གནས་ཀྱི་ཤུལ་བཞག་ཅིག་རེད། འབྲོག་པ་ཚོས་གཡག་འཛིང་ལ་ཞུགས་པའི་ཁྱུ་གཡག་ལ་གོས་ཆེན་སྣ་ལྔ་གཡོགས་རྗེས། གཞིས་ཀ་རྩེ་གྲོང་ཁྱེར་དཔལ་སྣང་རྫོང་བཀྲ་ཤར་ཤང་གི་གཡག་འཛིང་ར་བ་རུ་དེད་པ་རེད། འགྲན་ཞུགས་ཀྱི་ཁྱུ་གཡག་ཚོས་རང་སྟོབས་དྲག་པོར་འགྲན་ཞིང་། མཚམས་རེར་དེ་མ་ཉིད་དུ་རྒྱལ་ཕམ་དབྱེ་འབྱེད་ཐུབ་ལ། མཚམས་རེར་སྐར་མ་བཅུ་ཕྲག་ཁ་ཤས་ཀྱང་འགོར་སྲིད་པས། ཆེས་མཐའ་མཇུག་གི་རྒྱལ་ཁ་ཐོབ་མཁན་ལ་“གཡག་གི་རྒྱལ་པོ”ཟེར།