ཉེ་ཆར། རྒྱལ་སའི་གནམ་གྲུ་ཐང་ནས་ཏིའོ་ཡུས་ཐའེ་རྒྱལ་ཁབ་མགྲོན་ཁང་ལ་འགྲོ་བཞིན་པའི་སྲུང་སྐྱེལ་རུ་ཁག་གི་ཁྲོད་དུ། འཕྲུལ་རྟ་ཞོན་པའི་སྲུང་སྐྱེལ་རུ་ཁག་ཡོད་ལ། འཕྲུལ་རྟའི་སྲུང་སྐྱེལ་རུ་ཁག་ནི་རྒྱལ་ཁབ་མང་ཤས་ཤིག་གིས་ཕྱི་རྒྱལ་གྱི་དབུ་ཁྲིད་དང་ཆབ་སྲིད་གཙོ་འཛིན་སོགས་ལ་ཚད་མཐོའི་ཕེབས་བསུ་བྱེད་པར་ཆེད་མངགས་གནང་བའི་བདེ་སྲུང་བྱེད་ཐབས་ཤིག་ཡིན་ལ། རྒྱལ་སྤྱིའི་ཐོག་རྒྱལ་ཁབ་མང་པོ་ཞིག་གི་བྱེད་ཐབས་འདི་སྤྱོད་བཞིན་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། འཕྲུལ་རྟའི་སྲུང་སྐྱེལ་རུ་ཁག་འདི་ལག་ལེན་བྱས་ཤིང་ད་ཐེངས་ཡང་བསྐྱར་སླར་གསོ་བྱས་པ་ཞིག་ཡིན།
ལོ་12ཡི་སྔོན་དུ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཝང་ཅན་མིང་སྐབས་དེའི་སྲུང་སྐྱེལ་རུ་ཁག་ལ་ཞུགས་ཤིང་། ཁོ་ཚོས་སྦྱོང་བརྡར་བྱེད་བཞིན་པའི་སྐབས་ཀྱི་པར་རིས་ཉར་ཚགས་བྱས་ཡོད། ད་ལྟ། རྒྱལ་ཁབ་མགྲོན་ཁང་གིས་འཕྲུལ་རྟའི་སྲུང་སྐྱེལ་རུ་ཁག་ཡང་བསྐྱར་བཀོད་སྒྲིག་བྱས་ཡོད། ང་ཚོས་གསར་འགོད་པའི་པར་མིག་བརྒྱུད་ནས། སྐབས་དེ་དུས་ཀྱི་པར་རིས་ལ་གཟིགས་པར་བྱའོ། །