བདེ་སྐྱིད་ཀྱི་བྲག་མགོ མཛེས་སྡུག་གི་ཁྱིམ་གཞིས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-26



བདེ་སྐྱིད་ཀྱི་བྲག་མགོ མཛེས་སྡུག་གི་ཁྱིམ་གཞིས།

 

    ལོ70ཡི་རིང་ལ་བྲག་མགོ་རྫོང་གིས་ས་ཡོམ་ཆེན་པོས་ཁྱིམ་གཞིས་གཏོར་སྐྱོན་བཏང་བ་དང་གཉེན་ཉེ་ཤི་བའི་སེམས་སྡུག་ཚད་མེད་མྱོང་བ་རེད། ཏང་དང་རྒྱལ་ཁབ་ཀྱི་སྲ་བརྟན་གྱི་འགོ་ཁྲིད་འོག   བྲག་མགོའི་བུ་དང་བུ་མོས་ཞིག་རོའི་ཤུལ་དུ་ཁྱིམ་གཞིས་གསར་པ་བསྐྱར་སྐྲུན་བྱེད་པའི་འབད་འཐབ་ཀྱི་ལོ་རྒྱུས་གཏོད་འགོ་ཚུགས་པ་རེད།

    བརྙན་ཤེལ་ནི་ཟིན་ཐོ་འགོད་མཁན་ཡིན། དེས་བྲག་མགོ་ས་གཞི་ཆེན་མོར་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པའི་འཕོ་འགྱུར་ཆེན་པོ་ཇི་མ་ཇི་བཞིན་བཀོད་ཡོད་པ་སྟེ། གོག་ཧྲུལ་གྱི་ས་ཁང་ནས་བཀོད་ལེགས་ཀྱི་ཐོག་ཁང་། འདབ་རྫབ་ཀྱི་ལམ་ཕྲན་ནས་གྲོང་ཚོའི་དུད་སྦྲེལ་ལམ་བུ། ལྟོ་གོས་གཉིས་འཛོམས་ཀྱི་གནད་དོན་ཐག་གཅོད་བྱས་པ་ནས་ལྟོ་གོས་ལ་སེམས་ཁྲལ་མེད་པའི་བར་སོགས་བརྗོད་ཀྱིས་མི་ལང་།
    བརྙན་ཤེལ་ནི་བདེན་དཔང་བྱེད་མཁན་ཡིན། དེས་བྲག་མགོའི་བུ་དང་བུ་མོ་ཚོས་འཚོ་བ་སྐྱིད་པོར་མཚོན་པའི་རེ་སྨོན་གསར་པ་བདེན་དཔང་བྱེད་ཡོད་པ་སྟེ། དབུལ་ཐར་འགག་སྒྲོལ་དང་ཐོན་ལས་དམངས་ཕྱུག་བར་དང་།  དངོས་པོ་ནས་བསམ་པའི་བར། འཚོ་གནས་ནས་སྐྱེ་ཁམས་བར། རྙིང་ཞེན་ནས་གསར་གཏོད་བར། བཀག་སྡོམ་ནས་སྒོ་དབྱེའི་བར་སོགས་གྲངས་ཀྱིས་མི་ལང་།
     དུས་རབས་གསར་པར་སླེབས་སྐབས། བྲག་མགོ་རྫོང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་ནས་དབུལ་པོ་ལས་ཐར་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པ་དང་། གྲོང་སྡེ་དར་རྒྱས་གཏོང་བ་སོགས་ཀྱི་ཐད་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་བྱས་རྗེས་བཞག་པས། གང་སར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བཞིན་ཡོད་དོ།། 


བདེ་སྐྱིད་ཀྱི་བྲག་མགོ མཛེས་སྡུག་གི་ཁྱིམ་གཞིས།

ཁམས་པའི་གྲོང་ཚོ་དང་པོ་ཤྭ་རྭ་ཐང་།

བདེ་སྐྱིད་ཀྱི་བྲག་མགོ མཛེས་སྡུག་གི་ཁྱིམ་གཞིས།

གཞི་མདའ་ཡུལ་ཤོག་ནགས་རྣ་འདེབས་འཛུགས་རྟེན་གཞི།

བདེ་སྐྱིད་ཀྱི་བྲག་མགོ མཛེས་སྡུག་གི་ཁྱིམ་གཞིས།

ཧྲེང་ཧོང་སྔོ་ཚལ་རྟེན་གཞི་ནང་ངལ་རྩོལ་བྱེད་བཞིན་པའི་གྲོང་མི།

བདེ་སྐྱིད་ཀྱི་བྲག་མགོ མཛེས་སྡུག་གི་ཁྱིམ་གཞིས།

གཤིས་ཆུ་ལུང་པའི་འཇའ་སྤྲིན།

བདེ་སྐྱིད་ཀྱི་བྲག་མགོ མཛེས་སྡུག་གི་ཁྱིམ་གཞིས།

བདེ་སྐྱིད་ཀྱི་བྱིས་དུས།

བདེ་སྐྱིད་ཀྱི་བྲག་མགོ མཛེས་སྡུག་གི་ཁྱིམ་གཞིས།

མཁར་གསུམ་མཚོ་འགྲམ་གྱི་བདེ་སྐྱིད་ལམ།

བདེ་སྐྱིད་ཀྱི་བྲག་མགོ མཛེས་སྡུག་གི་ཁྱིམ་གཞིས།

ཞིང་དུད་མཛེས་ལྗོངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1