དཀར་མཛེས་ཁུལ་གྱིས་ནུབ་རྒྱུད་བཤམ་སྟོན་འདུ་ཚོགས་ཐོག་ལས་གཞིའི་རྣམ་གྲངས་23ལ་གན་རྒྱ་བཞག་ཅིང་དེ་དག་གི་མ་དངུལ་གཏོང་འཇོག་བསྡོམས་པས་སྒོར་དུར་ཕྱུར་87.28ཟིན།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-27


སྤྱི་ཟླ་10པའི་ཚེས་25ཉིན་གྱི་ཕྱི་དྲོར། ཁེ་ལས་གྲགས་ཅན་དཀར་མཛེས་སུ་བསྐྱོད་པ་ཞེས་པའི་ལས་གཞི་ལ་གན་རྒྱ་བཞག་པ་དང་། ཀྲུང་གོའི་དཀར་མཛེས་ཁུལ་གྱི་ཆེས་ཐོག་མའི་རྒྱལ་སྤྱིའི་པར་ལེན་འགྲེམ་སྟོན་ཆེན་མོའི་གཟེངས་བསྟོད་མཛད་སྒོ་དེ་ཁྲེན་ཏུའུ་ཅིན་ཅང་མགྲོན་ཁང་དུ་གཟབ་རྒྱས་ངང་འཚོགས་ཤིང་། མཛད་སྒོར་ཞུགས་ཡོད་པའི་ཁེ་ལས་གྲགས་ཅན་100ལྷག་ཡོད་ཅིང་། ཁེ་ལས་23གྱིས་ས་གནས་རང་དང་མ་དངུལ་གཏོང་འཇོག་གི་མཉམ་འབྲེལ་ལས་གཞི་23ལ་མིང་རྟགས་བཀོད་ཡོད། དེའི་མ་དངུལ་གཏོང་འཇོག་བསྡོམས་པས་སྒོར་དུང་ཕྱུར་87.28ཟིན།

གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ནུབ་རྒྱུད་བཤམ་སྟོན་འདུ་ཚོགས་ཐོག་ཏུ། དཀར་མཛེས་ཁུལ་གྱིས་དམིགས་བསལ་ལྡན་པ་གཅིག སྒྲིག་ལམ་ལྡན་པ་དང་གཉིས། མགྱོིགས་མྱུར་ལྡན་པ་དང་གསུམ་བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་རིག་ལམ་ལ་བརྟེན་ནས་བདམས་བསེས་བྱས་པ་བརྒྱུད། ཚོང་འགུག་ལས་གཞི་148ངོ་སྤྲོད་བྱས་ཡོད་ལ། དེ་དག་གི་མ་དངུལ་གཏོང་འཇོག་བསྡོམས་པས་སྒོར་དུང་ཕྱུར་560ལ་འབྲེལ་ཞིང་། གཙོ་བོ་ཡུལ་སྐོར་ལས་རིགས་དང་རིག་གནས་ལས་རིགས། ཁྱད་ལྡན་གྱི་ཞིང་འབྲོག་ལས་རིགས། རྒྱ་བོད་སྨན་རྫས་ལས་རིགས། བཟོ་ལས། ཞབས་ཞུའི་ལས་རིགས་སོགས་ཀྱི་ཐོན་ལས་ཡིན་ལ། ཐོན་ལས་ཚང་མར་ཁྱད་ཆོས་ལྡན་ཞིང་མངོན་གསལ་གྱིས་ཆ་རྐྱེན་ལེགས་པོ་ཡོད། ཚོགས་འདུའི་ཡུལ་དངོས་ནས་ཚོང་འགུག་ལས་གཞི་23ལ་གན་རྒྱ་བཞག་ཡོད་ཅིང་། མ་དངུལ་གཏོང་འཇོག་བསྡོམས་པས་སྒོར་དུང་ཕྱུར་87.28ཟིན། དེའི་ཁྲོད་དུ། ཡུལ་སྐོར་རིགས་9ཡོད་པ་ལ་མ་དངུལ་གཏོང་འཇོག་སྒོར་དུང་ཕྱུར་41.68ཡིན་པ་དང་། ནུས་ཁུངས་རིགས་5ཡོད་པར་མ་དངུལ་གཏོང་འཇོག་བསྡོམས་པས་སྒོར་32.8ཡིན། དེ་མིན་ཞིང་འབྲོག་ལས་རིགས་3ལ་མ་དངུལ་གཏོང་འཇོག་བསྡོམས་པས་སྒོར་དུང་ཕྱུར་10.6ཡིན། རྨང་གཞིའི་སྒྲིག་ཆས་རིགས་4ལ་མ་དངུལ་གཏོང་འཇོག་བསྡོམས་པས་སྒོར་དུང་ཕྱུར་2.2བཅས་ཟིན། གྲོས་འཆམ་གན་རྒྱ་2བཞག་པ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1