ཟླ་11ཚེས་7ཉིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་གཟི་ཚ་སྡེ་དགུ་ཁུལ་དུ་ཉི་འོད་རབ་ཏུ་འཚེར་ཞིང་། ཡུལ་ལྗོངས་མཛེས་སྡུག་ལྡན་པ་ཞིག་ཡོད། གཟི་ཚ་སྡེ་དགུའི་ལྗོངས་ཁུལ་ས་ཡོམ་རྗེས་བསྐྱར་བསྐྲུན་བྱས་པ་བརྒྱུད། ད་ལོའི་ཟླ་9ཚེས་27ཉིན་ས་ཁོངས་85%བསྐྱར་གསོ་བྱས་ནས་སྒོ་ཕྱེ་ཡོད། བསྐྱར་གསོ་བྱས་ཟིན་པའི་ས་ཁོངས་ནས་སྔར་བཞིན་མཛེས་སྡུག་མངོན་བཞིན་ཡོད་པ་རེད། འདི་ནི་གཟི་ཚ་སྡེ་དགུའི་ལྗོངས་ཁུལ་ནས་པར་བླངས་པའི་མཛེས་ལྗོངས་རེད།