ཁྲོན་བོད་གཞུང་ལམ་གྱིས་ས་མཐོའི་གྲོང་རྡལ་ཆུང་ངུ་ཁག་གཅིག་འགྱུར་ལྡོག་ཆེན་པོ་ཡོང་རྒྱུའི་སྐུལ་ཁྲིད་བྱས་པ།
རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-11
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་11ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ས་གཞི་ཀུན་གསེར་མདོག་གིས་བརྒྱན་ཅིང་། མཐའ་བཞི་གངས་རིས་བསྐོར་བ་དང་། དྭངས་ཤིང་གཙང་བའི་ཆུ་རྒྱུན་སོགས་ས་མཐོའི་སྟོན་དུས་ཀྱི་མཛེས་ཉམས་ལས་མི་རྣམས་ལ་བློ་བདེ་བག་ཕེབས་ཀྱི་སྣང་བ་ཞིག་ངང་གིས་སྟེར། ཉིན་ཤས་གོང་གསར་འགོད་པ་རླངས་འཁོར་ལ་བསྡད་དེ་ཁྲོམ་བོད་གཞུང་ལམ་དུ་བསྐྱོད་སྐབས། ཁྲོན་བོད་གཞུང་ལམ་གྱི་ལམ་ངོས་རིམ་བཞིན་ལེགས་བཅོས་བྱུང་སྟེ་ལམ་རྒྱུད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་སྐུལ་ཁྲིད་བྱས་ཡོད་པ་མཐོང་བྱུང་།
2018ལོར་ནག་སྨད་ཟམ་འགོའི་རྟ་བཞོན་མདའ་འཕེན་ར་བ་ཆུང་གྲས་གཉེར་འགོ་ཚུགས་ནས་ཞིང་འབྲོག་པའི་འབབ་འཕར་གྱི་ཐབས་ལམ་སྔར་བས་རྒྱ་སྐྱེད་ཐུབ་ཡོད། བཀྲ་ཤིས་སྒང་གྲོང་ཚོའི་ལོ་35ལ་སླེབས་པའི་རྣམ་རྒྱལ་ནི་སེམས་རྩ་འཁོལ་བའི་མཛེས་ལྗོངས་ཁུལ་གྱི་ལས་མི་ཞིག་རེད། “དེ་སྔོན་ཨར་ལས་བྱེད་མྱོང་ཡོད་རུང་ལས་ཀ་བརྟན་པོ་མེད། ད་ལྟ་ཁྱིམ་གྱི་སྒོ་འགྲམ་ནས་ཡོང་འབབ་གསོག་ཐུབ་ཀྱི་ཡོད་ལ། ཡུལ་སྐོར་བ་མང་བའི་དུས་སུ་ཉིན་རེར་སྒོར་300ཡི་ཡོང་འབབ་ཡོད་པས་ལོ་གཅིག་གི་ཡོང་འབབ་ཀྱིས་ནང་མི་གསོ་ཐུབ་པས། ཁོང་ཚོར་ལྟ་རྟོག་ཡག་པོ་བྱེད་ཐུབ་ཀྱི་ཡོད”
བཀྲ་ཤིས་སྒང་གྲོང་ཚོར་ཁྱོན་དུད་ཚང་66དང་མི་327ཡོད། ཉེ་བའི་ལོ་ཤས་རིང་། “ཀྲི་པུའུ+མཉམ་ལས་ཁང+ཞིང་དུད”ཀྱི་རྣམ་པར་བརྟེན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་རྣམ་པ་བརྟན་པོ་ཞིག་ཆགས་ཡོད་པ་རེད། “གྲོང་ཚོ་ཡོངས་སུ་ཁྱིམ་ཚང་མགྲོན་ཁང་གཉེར་མཁན་180ཟིན་ནས་གྲོང་ཚོ་ཧྲིལ་པོའི་མི་གྲངས་ཀྱི་55%བཟུང་ཡོད། དེ་མིན་མདའ་འཕེན་དང་། རྟ་བཞོན། ཡུལ་ཟོག་ཐོན་རྫས་ཕྱིར་ཚོང་སོགས་ཀྱི་དམངས་སྲོལ་ཡུལ་སྐོར་གཉེར་སྐྱོང་རྣམ་གྲངས་ཀྱང་ཡོད། གྲོང་ཚོ་ཡོངས་སུ་ཡུལ་སྐོར་བར་གཡར་བྱེད་རྟ་50དང་རྒྱན་གོས་གཡར་མཁན་དུད་ཚང་18ཡོད”ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་ཀྱིས་བརྗོད་པ་དང་། 2018ལོར། གྲོང་ཚོ་ཧྲིལ་པོའི་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་1161ཟིན་པ་དང་མི་རེའི་ཆ་སྙོམས་དངུལ་སྨར་ཡོང་འབབ་སྒོར་ཁྲི་1.7ཟིན་ཡོད་པ་རེད།
ལོ་རེ་ནས་ལོ་རེ་མ་བསྡད་པར་ཀླུ་ནང་གི་མཚན་སྙན་རིམ་བཞིན་གྲགས་ཏེ་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད། ལས་རིགས་ཁྱབ་ཁོངས་ཀྱིས་དོ་ཁུར་བྱེད་པའི་གནས་ཤིག་ཏུ་ཡང་གྱུར་ཡོད།
འདི་ལོའི་ཟླ་9པར། ཀླུ་ནང་མཛེས་ལྗོངས་ཁུལ་དོ་དམ་ཨུ་ལྷན་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་ཁག་དང་པོ་71གི་གྲས་སུ་གྱུར་ཡོད། 2018ལོར“རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ”གྱི་སྤུས་རྟགས་ཐོབ་ཡོད་ལ་བོད་ལྗོངས་སུ་དེ་ཐོབ་མཁན་གཅིག་པུ་དེའང་རེད། མིག་སྔར་གྲོང་རྡལ་ཧྲིལ་པོར་མགྲོན་ཁང་7དང་ཁང་མིག་525ཡོད་པ་དང་། ཞིང་འབྲོག་པའི་ཁྱིམ་ཚང་མགྲོན་ཁང་116དང་ཉལ་ཁྲི་2287ཡོད་པ་རེད། གཞན་ཡང་ཡུལ་སྐོར་ཞབས་ཞུའི་ནང་ཞུགས་པའི་ཞིང་འབྲོག་མང་ཚོགས་580ལྷག་ཙམ་ཡོད་པ་རེད།
ཀླུ་ནང་མཛེས་ལྗོངས་ཁུལ་དོ་དམ་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་བསྟན་འཛིན་ལྷ་མོས་ཀླུ་ནང་གྲོང་རྡལ་ལ་ཀོང་ཏུང་བོད་སྐྱོར་གྱི་ནོར་ཤུགས་དང་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་ཐོབ་པ་ལས། ལོ་6གི་རིང་སྤྲོ་གསེང་ངལ་གསོ་དང་། སྣོད་བཅུད་ཡུལ་སྐོར། སྤྲོ་གསེང་རོལ་རྩེད། གྲོང་གསེབ་ཡུལ་སྐོར། པར་ལེན་ཡུལ་སྐོར་སོགས་བརྗོད་དོན་གཙོ་བོ་གཞི་གཅིག་ཏུ་བསྡུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཡུལ་སྐོར་ཁུལ་ཆེ་གྲས་སུ་གྱུར་ཡོད། ཡུལ་སྐོར་ཐོན་ལས་ཅན་གྱི་གནད་སྨིན་དབུལ་སྐྱོར་ཀླུ་ནང་ཡུག་ཁུལ་གྱི་དུད་ཚང་དབུལ་པོ་དང་། ཡོང་འབབ་དམའ་བའི་དུད་ཚང་ཚང་མ། 85%ཡན་གྱི་ཞིང་དུད་བཅས་ལ་ཁྱབ་ཡོད་པ་རེད། 2018ལོར་སྣེ་ལེན་ཞུས་པའི་ཡུལ་སྐོར་བ་མི་ཐེངས་ཁྲི་111.5ཟིན་པ་དེ་དུས་མཚུངས་ལས་2.3%འཕར་བ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་6936.8ཟིན་པ་དེ་དུས་མཚུངས་ལས་31%འཕར་ཡོད་ཅེས་བཤད།
བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དུ་ཁྲོན་བོད་གཞུང་ལམ་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་གི་ལྷོ་ནུབ་ཕྱོགས་ཀྱི་ར་འོག་གྲོང་རྡལ་ནས་བརྒྱུད་ཡོད་པས། ཉེ་བའི་ལོ་གསུམ་གྱི་རིང་། མི་རྒྱུན་དང་ཟོག་སྐྱེལ་ཇི་མང་དུ་ཕྱིན་ནས་ར་འོག་གྲོང་རྡལ་གྱིས་2018ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་30ལ་སྣེ་ལེན་ཞུས་ཡོད་པ་རེད།
ཡུལ་སྐོར་ལས་རིགས་ཀྱི་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་ཀྱིས་ས་གནས་དེ་གའི་གྲོང་མིར་ཕྱུག་འགྱུར་གྱི་ལམ་བུ་བཏོད་ནས་མིག་སྔར་ར་ལྔ་ཁ་གྲོང་རྡལ་དང་ཉེ་འགྲམ་གྱི་ཤང་དང་གྲོང་རྡལ་དུ་ཨར་ཁང་དང་མགྲོན་ཁང་200ལྷག་ཙམ་ཡོད་པ་མ་ཟད། གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་དང་བསྟུན་ནས་ཡུལ་སྐོར་ལས་རིགས་ཀྱིས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་འགྲོ་རྒྱུར་མུ་མཐུད་རོགས་རམ་ཐུབ་རྒྱུ་རེད།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1