སྐབས་བཞི་བའི་རྒྱལ་སྤྱིའི་ནང་བསྟན་རིག་པའི་གླེང་སྟེགས་ཀྲུང་གོའི་མི་དམངས་སློབ་ཆེན་དུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-03


                    2014ལོའི་སྤྱི་ཟླ་11པའི་ཚེས་1ནས་2ཉིན་གྱི་བར། སྐབས་བཞི་བའི་རྒྱལ་སྤྱིའི་ནང་བསྟན་རིག་པའི་གླེང་སྟེགས་ཀྲུང་གོའི་མི་དམངས་སློབ་ཆེན་གྱི་ཡུས་ཧྥུ་ཚོགས་ཆེན་གྱི་སྙན་ཞུ་ཁང་གཉིས་པར་འཚོགས།

ཐེངས་འདིའི་རྒྱལ་སྤྱིའི་ནང་བསྟན་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་འབྲེལ་གྱི་གསར་འགོད་ཁྱབ་སྤེལ་ཚོགས་འདུ་ཡང་འཚོགས་ཡོད། དེ་བཞིན་རྒྱལ་ཕྱི་ནང་ནས་ཕེབས་པའི་ཆོས་ལུགས་མི་སྣ་དང་ཆེད་མཁས་པ་རྣམ་པས་ཐེངས་འདིའི་བྱང་ཆུབ་ཀྱི་སེམས་ཞེས་པའི་བརྗོད་བྱའི་ཐོག་གསུང་བཤད་གནང་ཞིང་། དེང་རབས་ཀྱི་སྤྱི་ཚོགས་ནང་བྱང་ཆུབ་སེམས་ཀྱི་དོན་སྙིང་དང་དེའི་གལ་ཆེའི་རང་བཞིན་སོགས་ཀྱི་སྐོར་ལ་འགྲེལ་བརྗོད་དང་དགོངས་འཆར་ལྷུག་པོར་བསྩལ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1