ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་འཚོགས་ནས། སི་རི་ཡའི་དྲག་ཤུགས་ཚབས་ཇེ་ཆེར་སོང་བར་སེམས་ཁུར་བྱས་པ་མ་ཟད། མི་སེར་ལ་དམིགས་པའི་དྲག་ཤུགས་བྱ་སྤྱོད་ལ་རྒོལ་གཏམ་བཏང་།
གནས་ཚུལ་ལྟར་ན། སི་རི་ཡའི་དབྱི་ཏི་ལེ་པུའུ་ཞིང་ཆེན་གྱི་ཡུལ་གྱར་བ་འདུག་ས་ཞིག་ལ་ བར་སྣང་ནས་སྣུམ་ཟོ་འབར་མདེལ་འཕངས་ཏེ་འཇབ་རྒོལ་བྱས་ནས། བྱིས་པ་དང་བཅས་པའི་མི་སེར་མང་བོ་ཤི་རྨས་ཐེབས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སྒྱོགས་མདེལ་འཕེན་པ་དང་བར་སྣང་ནས་འགད་རྫས་འཕེན་པ་སོགས་འཛེམ་བག་ཅི་ཡང་མེད་པར་མི་སེར་ལ་འཇབ་རྒོལ་བྱེད་པའི་བྱ་སྤྱོད་ལ་བློ་ཕམ་ཡོད་ཅེས་བསྟན།
བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ངེས་པར་དུ་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་བརྩི་སྲུང་བྱེད་པ་དང་། ལྷག་པར་དུ་མི་སེར་དང་འཐབ་འཛིང་མི་སྣའི་དབྱེ་བ་དགར་དགོས་ལ། དབྱེ་བ་ཅི་ཡང་མེད་པར་འཇབ་རྒོལ་བྱེད་པ་དང་མི་སེར་ལ་དམིགས་པའི་འཇབ་རྒོལ་བྱེད་མཚམས་འཇོག་དགོས་ཞེས་ནན་གསུངས་གནང་འདུག