ཚོགས་ཡུན།
2019ལོའི་ཟླ་10པའི་ཚེས་28ཉིན་ནས་ཚེས་31ཉིན་གྱི་བར།
ཚོགས་ཞུགས་མི་སྣ།
ཀྲུང་དབྱང་ཨུ་ཡོན་202
རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་169
ཟུར་ཞུགས།
ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་འགན་ཁུར་བློ་མཐུན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་བློ་མཐུན་དང་ཆེད་མཁས་པ་ཁག་ཅིག
སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས་མྱུར་ཀློག
གྲོས་ཚོགས་ཀྱི་ནང་དོན།
ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངགས་བཅོལ་ལྟར་གནང་བའི་ལས་ཀའི་སྙན་ཞུར་གསན་པ་དང་དེར་གྲོས་བསྡུར་གནང་བ། 《ཀྲུང་གུང་ཀྲུང་དབྱང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏང་རྒྱུའི་གནད་དོན་གལ་ཆེན་འགའི་སྐོར་གྱི་གཏན་འབེབས།》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཞི་ཅིན་ཕིང་གིས་གཏན་འབེབས་ཀྱི་(གྲོས་བསྡུར་མ་ཟིན)སྐོར་ནས་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག
བརྡར་གཅོད་གསུམ།
མར་ཁེ་སི་རིང་ལུགས་ཀྱིས་མཛུབ་སྟོན་གནང་བ་དང་། ཀྲུང་གོའི་ས་ཆེན་དུ་རྐང་ཚུགས་པ། གཏིང་ཟབ་པའི་ཀྲུང་ཧྭ་རིག་གནས་ཀྱི་རྨང་གཞི་ཡོད་པ། མི་དམངས་ཀྱིས་བརྩི་སྲུང་ཆེན་པོ་ཐོབ་པའི་ལམ་ལུགས་དང་བཅོས་སྐྱོང་མ་ལག་ཡིན་པ།
སྟོབས་དང་ལྡན་པའི་ཚེ་སྲོག་གི་ནུས་ཤུགས་དང་བླ་ན་མེད་པའི་ཁྱད་འཕགས་རང་བཞིན་ལྡན་པའི་ལམ་ལུགས་དང་བཅོས་སྐྱོང་མ་ལག་ཡིན་པ།
མི་འབོར་དུང་ཕྱུར་བཅུ་བཞི་ལ་ཉེ་བའི་སྟོབས་ལྡན་རྒྱལ་ཁབ་ཀྱི་མདུན་སྐྱོད་དང་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏང་ཐུབ་པ་དང་། ལོ་ངོ་ལྔ་སྟོང་ལྷག་གི་ཤེས་རིག་ལོ་རྒྱུས་ལྡན་པའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་བརྒྱ་གཉིས་ཀྱི་འབད་བརྩོན་གྱི་དམིགས་འབེན་མངོན་འགྱུར་བྱུང་སྟེ་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱུང་ཐུབ་པའི་ལམ་ལུགས་དང་བཅོས་སྐྱོང་མ་ལག་ཡིན་པ།
ཕྱོགས་13གྱི་ཐད་ནས་མངོན་གསལ་གྱི་དགེ་མཚན་ལྡན་པ།
ཏང་གི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་གི་ཚན་རིག་དང་མཐུན་པའི་རིག་པའི་གཞུང་ལུགས་རྒྱུན་འཁྱོངས། ཆབ་སྲིད་བརྟན་བརླིང་རྒྱུན་འཁྱོངས། རྒྱལ་ཁབ་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་པར་འགན་ལེན་བྱེད་པའི་མངོན་གསལ་གྱི་དགེ་མཚན་ལྡན་པ།
མི་དམངས་ཀྱིས་རང་ཁྱིམ་རང་བདག་རྒྱུན་འཁྱོངས་དང་། མི་དམངས་དམངས་གཙོ་གོང་འཕེལ། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ། མི་དམངས་ལ་དམ་པོར་བརྟེན་ནས་རྒྱལ་ཁབ་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་མངོན་གསལ་གྱི་དགེ་མཚན་ལྡན་པ།
ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། སྤྱི་ཚོགས་འདྲ་མཉམ་དྲང་བདེན་དང་མི་དམངས་ཀྱི་དབང་ཆར་འགན་ལེན་ཏན་ཏིག་བྱེད་པའི་མངོན་གསལ་གྱི་དགེ་མཚན་ལྡན་པ།
རྒྱལ་ཡོངས་གོང་འོག་གོང་བུ་གཅིག་ཏུ་འགྲིལ་རྒྱུ་རྒྱུན་འཁྱོངས་དང་།
ཕྱོགས་སོ་སོའི་ཧུར་བརྩོན་རང་བཞིན་ལ་སྐུལ་སྤེལ་བྱེད་པ། སྟོབས་ཤུགས་གཅིག་བསྡུས་ཀྱིས་དོན་ཆེན་བསྒྲུབ་རྒྱུའི་མངོན་གསལ་གྱི་དགེ་མཚན་ལྡན་པ།
མི་རིགས་ཚང་མ་འདྲ་མཉམ་རྒྱུན་འཁྱོངས་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་པོར་འཛུགས་པ། མཉམ་དུ་མཐུན་སྒྲིལ་འབད་བརྩོན་དང་། ཐུན་མོང་དར་རྒྱས་གོང་འཕེལ་ཡོང་བར་བྱེད་པའི་མངོན་གསལ་གྱི་དགེ་མཚན་ལྡན་པ།
སྤྱི་དབང་ལམ་ལུགས་གཙོ་བོར་འཛིན་པ་དང་། དབང་བའི་ལམ་ལུགས་མང་བའི་དཔལ་འབྱོར་མཉམ་དུ་གོང་འཕེལ་གཏོང་བ། རྩོལ་བསྟུན་ཐོབ་སྤྲོད་བྱ་རྒྱུ་གཙོ་བོར་འཛིན་པ། བགོ་འགྲེམས་བྱེད་སྟངས་སྣ་ཚོགས་མཉམ་དུ་གནས་པ་བཅས་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་ཁྲོམ་རའི་དཔལ་འབྱོར་ནུས་ཕྱོད་ལྡན་པས་ཟུང་འབྲེལ་ཟམ་མི་ཆད་པར་བྱེད་པ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་ཟམ་མི་ཆད་པར་གོང་འཕེལ་གཏོང་བའི་མངོན་གསལ་གྱི་དགེ་མཚན་ལྡན་པ།
ཐུན་མོང་གི་ཕུགས་བསམ་འདུ་ཤེས་དང་། རིན་ཐང་འདུ་ཤེས། ཀུན་སྤྱོད་འདུ་ཤེས་བཅས་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་དར་སྤེལ་གཏོང་བ། མི་དམངས་ཡོངས་ནས་བསམ་བློ་དང་སྙིང་སྟོབས་ཐད་མཐུན་སྒྲིལ་དམ་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བའི་མངོན་གསལ་གྱི་དགེ་མཚན་ལྡན་པ།
མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་བསམ་བློ་རྒྱུན་འཁྱོངས་དང་། རྒྱུན་ཆད་མེད་པར་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་པ། མི་དམངས་ཀྱི་བདེ་སྐྱིད་གོང་འཕེལ་དུ་གཏོང་བ། ཐུན་མོང་ངང་ཕྱུག་འགྱུར་ལམ་བུའི་ཐོག་སྐྱོད་པའི་མངོན་གསལ་གྱི་དགེ་མཚན་ལྡན་པ།
བཅོས་བསྒྱུར་གསར་གཏོད་དང་། དུས་བསྟུན་འཕེལ་རྒྱས་རྒྱུན་འཁྱོངས་དང་། རང་ངོས་འཐུས་ཚང་དང་། རང་ངོས་གོང་འཕེལ་བྱེད་མཁས་པའི་ཐོག་ནས། སྤྱི་ཚོགས་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་པར་བྱེད་པའི་མངོན་གསལ་གྱི་དགེ་མཚན་ལྡན་པ།
སྤྱོད་ཡོན་གཉིས་ལྡན་དང་། མཁས་འདེམས་འཇོན་བསྐོ་རྒྱུན་འཁྱོངས། གནམ་འོག་ཡོངས་ཀྱི་ཤེས་ལྡན་མི་སྣ་གཅིག་ཏུ་བསྡུས་ནས་ནུས་པ་བཏོན་པ། ཕུལ་བྱུང་མི་སྣ་སྔར་ལས་མང་བ་གསོ་སྐྱོང་བྱེད་པ་བཅས་ཀྱི་མངོན་གསལ་གྱི་དགེ་མཚན་ལྡན་པ།
ཏང་གིས་དམག་དཔུང་ལ་བཀོད་འདོམས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། མི་དམངས་དམག་དཔུང་གིས་ཏང་དང་མི་དམངས་ལ་བློ་གཅིག་སེམས་གཅིག་བྱ་རྒྱུ་འགན་ལེན་བྱེད་པ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་གྱི་ཁེ་ཕན་བཅས་འགན་ལེན་ནུས་ལྡན་བྱེད་པའི་མངོན་གསལ་གྱི་དགེ་མཚན་ལྡན་པ།
ཀྲུང་གོའི་ཁྱད་ཆོད་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས་རྒྱལ་ཁབ་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྐྱོད་པར་སྐུལ་འདེད་གཏང་དགོས།
རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་རྒྱུན་འཁྱོངས་དང་། ཞང་ཀང་དང་ཨའོ་མོན་ཡུན་རིང་བརྟན་བརླིང་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ནས། མེས་རྒྱལ་ཞི་བདེ་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་བའི་མངོན་གསལ་གྱི་དགེ་མཚན་ལྡན་པ།
རང་བཙན་རང་བདག་དང་ཕྱི་ཕྱོགས་སྒོ་འབྱེད་གཅིག་འགྱུར་རྒྱུན་འཁྱོངས་དང་། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་ནང་ཧུར་ཐག་གིས་ཞུགས་ཏེ། མིའི་རིགས་ཀྱི་ཐུན་མོང་ལས་དབང་སྐྲུན་ཆེད་རྒྱུན་ཆད་མེད་པར་ལེགས་སྐྱེས་འབུལ་བའི་མངོན་གསལ་གྱི་དགེ་མཚན་ལྡན་པ།
སྤྱིའི་དམིགས་འབེན།
2021ལོར། རང་རེའི་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་སྐབས། ཕྱོགས་གང་ཅིའི་ཐད་ཀྱི་ལམ་ལུགས་སྔར་ལས་འཐུས་ཚང་དང་སྔར་ལས་གཏན་འཁེལ་ཡོང་བ་བྱ་རྒྱུའི་ཐད་གྲུབ་འབྲས་མངོན་གསལ་ཐོབ་པར་བྱ་རྒྱུ།
2035ལོར། 2035ལོར་སླེབས་སྐབས། ཕྱོགས་གང་ཅིའི་ཐད་ཀྱི་ལམ་ལུགས་སྔར་ལས་འཐུས་སྒོ་ཇེ་ཚང་དུ་ཕྱིན་ནས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་བྱ་རྒྱུ།
2049ལོར། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་སྐབས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་ཁྱོན་ཡོངས་ནས་མངོན་འགྱུར་ཡོང་བར་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་ལས་སྲ་བརྟན་དང་ཁྱད་འཕགས་རང་བཞིན་གང་ལེགས་མངོན་པར་བྱ་རྒྱུ།
ལམ་ལུགས་མ་ལག་13མཐའ་འཁྱོངས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ།
ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག
མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་འཛིན་སྒྲིག་སྲོལ།
སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས།
སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་རྒྱས་གོང་འཕེལ་གཏོང་བའི་ལམ་ལུགས།
གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བྱེད་པའི་དམངས་འཚོའིི་འགན་སྲུང་ལམ་ལུགས།
མཉམ་སྐྲུན་མཉམ་བཅོས་དང་མཉམ་དུ་ལོངས་སྤྱོད་པའི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས།
སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་མ་ལག
ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་ལྟོས་མེད་བྱེད་པའི་ལམ་ལུགས།
རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལམ་ལུགས་མ་ལག
རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས།
ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག
འཐབ་ཇུས་ལས་འགན་གལ་ཆེན་གཅིག་བསྟན་པ།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྐྱོད་པར་སྐུལ་འདེད་གཏང་རྒྱུ་ནི་ཏང་ཡོངས་ཀྱི་འཐབ་ཇུས་ལས་འགན་གལ་ཆེན་ཞིག་ཡིན།
མི་དོན་ཆ་འཕྲིན་ཁག་གཉིས་སྤྱི་བསྒྲགས་བྱས་པ།
ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་བློ་མཐུན་མ་ཀྲེང་ཝུའུ་དང་། མ་ཝེ་མིང་གཉིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་རིམ་གསབ་བྱ་རྒྱུའི་གཏན་འབེབས་བྱས།
ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྔོན་མར་བློ་མཐུན་ལིའུ་ཧྲུ་ཡུས་ལ་ཏང་ནང་ཁུལ་དུ་ལོ་གཉིས་ལ་ལྟ་སྐུལ་བྱ་རྒྱུའི་ཆད་པ་བཅད་པར་དངོས་སུ་ཁས་ལེན་བྱས།