རྩོམ་ཡིག་ནང《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱི་རིགས་པའི་གཞུང་ལུགས་ཀྱི་བྱས་རྗེས་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། 《གུང་ཁྲན་ཏང་གི་བསྒྲགས་གཏམ》ནི་ཐེངས་དང་པོར་ཕྱོངས་ཡོངས་ནས་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་རིགས་པ་རྒྱས་བཤད་བྱེད་པའི་རླབས་ཆེན་གྱི་གསུང་རྩོམ་ཡིན་ཞིང་། མར་ཁེ་སིའི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་རྒྱས་བཤད་གཏིང་ཟབ་བྱས་པ་དང་། མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གི་སྔོན་ཐོན་གཤིས་རྒྱུད་རྒྱས་བཤད་གཏིང་ཟབ་གནང་བ། མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གི་ཆབ་སྲིད་ལངས་ཕྱོགས་རྒྱས་བཤད་གཏིང་ཟབ་བྱས་པ། མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གི་བླ་ན་མེད་པའི་ཕུགས་བསམ་རྒྱས་བཤད་གཏིང་ཟབ་གནང་བ། མར་ཁེ་སིའི་རིང་ལུགས་ཀྱི་གསར་བརྗེའི་རྩ་འཛིན་རྒྱས་བཤད་གཏིང་ཟབ་གནང་བ། མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གི་རྒྱལ་སྤྱིའི་རིང་ལུགས་ཀྱི་སྙིང་སྟོབས་རྒྱས་བཤད་གཏིང་ཟབ་གནང་ཡོད།
རྩོམ་ཡིག་ནང་བསྟན་དོན། 《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱིས་འཛམ་གླིང་སྤྱི་ཚོགས་རིང་ལུགས་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་པར་ངོས་འཛིན་གཏིང་ཟབ་བྱེད་དགོས། 《གུང་ཁྲན་ཏང་གི་བསྒྲགས་གཏམ》བཏོན་མ་ཐག་ལག་ལེན་གྱི་ཐོག་ནས་འཛམ་གླིང་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་འགྱུར་ལྡོག་གཏིང་ཟབ་བཏང་ཡོད། ང་ཚོའི་ཏང་གིས་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེའི་འགྲོ་ལམ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེའི་བགྲོད་ལམ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བགྲོད་ལམ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་བཅས་གསར་གཏོད་བྱས་པ་ཚང་མ་ནི་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་གོའི་དོན་དངོས་ཟུང་འབྲེལ་བྱས་པའི་གསར་གཏོད་རླབས་པོ་ཆེ་རེད། ཀྲུང་གོའི་གུང་ཁྲན་ཏང་ནི《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱི་དགོངས་དོན་རྣམ་དག་གི་རྒྱུན་འཛིན་པ་ཡིན།
རྩོམ་ཡིག་ནང《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱི་ཚན་རིག་གི་རྩ་བའི་རིགས་པ་དང་ཚན་རིག་གི་དགོངས་དོན་མཐའ་འཁྱོངས་བྱེད་དགོས། དང་པོ། བློ་བརྟན་འགྱུར་མེད་ཀྱིས་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་གྱི་ཆེད་དུ་འབད་འཐབ་བྱ་དགོས། གཉིས་པ།མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་རྣམ་དག་བྱ་དགོས། གསུམ་པ། འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས། བཞི་པ། དུས་རབས་གསར་པ་དང་བླང་བྱ་གསར་པ་ལྟར་ཏང་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ལྔ་པ། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཡུལ་ཁམས་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། དྲུག་པ། མར་ཁེ་སིའི་རིང་ལུགས་ཀྱི་གསུང་རྩོམ་སློབ་སྦྱོང་དང་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་དགོས། །