ལོ་ངོ་སྟོང་གི་གནའ་བོའི་ཚྭ་ཁ་ལྷོའི་འཕོ་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-21


     ཉི་འོད་གངས་རི་ལ་ཕོག་ཅིང་འབྲི་ཆུ་རི་བོ་བསྐོར་ནས་རྒྱུག། ཆུ་བོ་དྲག་ཏུ་འབབ་པའི་གྲོག་རོང་གི་ངོགས་གཉིས་སུ་རླུང་གཡབ་དབྱིབས་ཀྱི་སྟེགས་བུ་ཆུང་ཆུང་རེ་ཡོད་ལ། ཚྭ་རྫིང་ཆུང་ཆུང་རེ་རེ་སྟེགས་བུའི་སྟེང་དུ་བསྐྲུན་ཡོད་པ་དང་། ཤིང་གིས་བཏགས་ཡོད་པས་མེ་ལོང་ཆུང་ཆུང་རེ་རེ་དང་འདྲ། 
     འདི་ནི་ཁྲོན་བོད་གཞུང་ལམ་གྱི་རྒྱལ་ལམ་318ཀྱི་འབབ་ཚུགས་གལ་ཆེན་ཡིན་པའི་བོད་རང་སྐྱོང་ལྗོངས་སྨར་ཁམས་རྫོང་རེད། ལོ་ངོ་དུང་ཕྱུར་མང་པོའི་རིང་རི་ཚོགས་གྲོག་རོང་བར་བྱུང་བའི་གནའ་བོའི་ཚྭ་ཁ་ལྷོ་ལ་བརྟེན་ནས་ས་གནས་དེ་གར་ཐང་རྒྱལ་རབས་ནས་བཟུང་ཚྭ་བཟོ་འགོ་ཚུགས་པ་དང་ད་བར་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། བགྲང་ལས་འདས་པའི་ཚྭ་རྫིང་རེ་རེ་ནི་ཤེལ་ངོས་ཀྱི་འཇིག་རྟེན་གྲངས་མེད་དང་འདྲ་བར་དེར་ས་མཐོའི་འཕོ་འགྱུར་འཆར་ནས་ཡོད།
     ལོ་46ལ་སླེབས་པའི་སྐལ་བཟང་རྒྱ་མཚོ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་སྨར་ཁམས་རྫོང་འཇང་རིགས་ཤང་ལྕགས་རྟ་གྲོང་ཚོའི་མི་ཡིན། ལྕགས་རྟ་གྲོང་ཚོ་ནི་འབྲི་ཆུའི་ནུབ་ངོགས་སུ་ཆགས་ཡོད་ལ། དུད་ཁྱིམ་བཅུ་ཕྲག་ཁ་ཤས་ཡོད་པའི་གྲོང་ཚོ་ཆུང་ཆུང་ཞིག་ཡིན་པ་དང་། ལོ་ངོ་སྟོང་གི་ཚྭ་ཞིང་དེ་ལྕགས་རྟ་གྲོང་ཚོ་དང་དེའི་ཕར་ཕྱོགས་ཀྱི་ཚྭ་ལྷོ་སྟོད་གྲོང་ཚོར་གསར་སྦོལ་བྱས་ཡོད།
     འདི་ནི་ཁྲོན་བོད་གཞུང་ལམ་གྱི་རྒྱལ་ལམ་318ཀྱི་འབབ་ཚུགས་གལ་ཆེན་ཡིན་པའི་བོད་རང་སྐྱོང་ལྗོངས་སྨར་ཁམས་རྫོང་རེད། ལོ་ངོ་དུང་ཕྱུར་མང་པོའི་རིང་རི་ཚོགས་གྲོག་རོང་བར་བྱུང་བའི་གནའ་བོའི་ཚྭ་ཁ་ལྷོ་ལ་བརྟེན་ནས་ས་གནས་དེ་གར་ཐང་རྒྱལ་རབས་ནས་བཟུང་ཚྭ་བཟོ་འགོ་ཚུགས་པ་དང་ད་བར་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། བགྲང་ལས་འདས་པའི་ཚྭ་རྫིང་རེ་རེ་ནི་ཤེལ་ངོས་ཀྱི་འཇིག་རྟེན་གྲངས་མེད་དང་འདྲ་བར་དེར་ས་མཐོའི་འཕོ་འགྱུར་འཆར་ནས་ཡོད།  
     སྐལ་བཟང་རྒྱ་མཚོའི་ཁྱིམ་དུ་བསྐྱོད་པ་ན། ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ལུགས་སྡོད་ཁང་སྲུང་སྐྱོང་ཡག་པོ་ཐུབ་ཡོད་ལ། གནའ་བོའི་ཚྭ་བཟོ་ཡོ་བྱད་དང་ཚྭ་འཚོང་ཐམ་ག་སོགས་གང་དགོས་ཚང་མ་ཡོད་ཅིང་། སྒྲིག་ཆས་ཚང་མ་སྔར་བཞིན་བཤམས་ཡོད། སྐལ་བཟང་རྒྱ་མཚོ་ཡིས་གསར་འགོད་པར་ཚྭ་ཁུའི་འབྱུང་ཁུངས་ནི་གཙང་འགྲམ་དུ་གནས་པའི་ཚྭ་ཁྲོན་ཞིག་ཡིན་མོད། འོན་ཀྱང་གཙང་པོའི་ཕར་ངོགས་ཀྱི་ཚྭ་ནི་དཀར་པོ་ཡིན་པས“ཧྥུང”ཞེས་བརྗོད་ཀྱི་ཡོད། རང་ཉིད་གནས་སའི་ནུབ་ངོགས་སུ་སྐམ་པའི་ཚྭ་ནི་དམར་པོ་ཡིན་པ་དང“ཧོང”ཞེས་བརྗོད་ཀྱི་ཡོད་ཅེས་བརྗོད། 
     ལོ་རྒྱུས་ཀྱི་ཡིག་ཆར་ཐོ་འགོད་བྱས་པ་ལྟར་ན། ས་གནས་དེ་གའི་ཚྭ་བཟོ་བའི་དུས་ཚོད་ནི་ཐང་རྒྱལ་རབས་སྐབས་ལ་ཡར་དེད་ཆོག། ས་ཆ་དེའི་མིང་ལ་ཚྭ་ཁ་ལྷོ་ཟེར་གྱི་ཡོད། འདི་རུ་རང་རྒྱལ་གྱི་གནའ་བོའི་ཚྭ་བཟོ་ཐབས་ཆ་ཚང་ཞིག་སོར་བཞག་བྱས་ཡོད་པ་སྟེ། ཚྭ་ཁྲོན་བརྐོ་བ་དང་ཚྭ་ཁུ་ལེན་པ། ཚྭ་རྫིང་སྐམ་པ། ཚྭ་རྡོག་བསྡུ་བ་བཅས་སོ༎ སྔོན་ཆད་ཞོགས་པར་སྐྱེས་པ་དང་བུད་མེད་ཀྱིས་ལ་ལས་རྒྱབ་ཏུ་ཁུར་བ་དང་ལ་ལས་ཕྲག་ཏུ་ཁུར་ནས་གཙང་འགྲམ་དུ་སོང་ནས་ཚྭ་ཁྲོན་ནས་ཚྭ་ཁུ་བླངས་ཏེ་ཚྭ་ཞིང་ནང་དུ་བླུགས། གནམ་གཤིས་ནི་འགྱུར་ལྡོག་ཆེ་ལ། ཚྭ་ཆུའི་ཁྲོད་ཀྱི་ཆུའི་གྲུབ་ཆ་ཉི་འོད་དང་དྲག་རླུང་གིས་རླངས་པར་བསྒྱུར་བས། འོད་ཆེམ་ཆེམ་དུ་འཕྲོ་བའི་ཚྭ་རྡོག་རེ་རེར་གྱུར་ཡོད། དེ་ནས་ཕྱོགས་གཅིག་ཏུ་ཕྱགས་ནས་སྤང་བ་ན། ཕྱགས་ཟིན་པའི་ཚྭ་རྫིང་ནི་རས་དམར་ཐོག་ཏུ་བྲིས་པའི་ལུག་མིག་མེ་ཏོག་དཀར་པོ་དང་འདྲའོ༎
     སྲོལ་རྒྱུན་གྱི་ཡུལ་ཚྭ་སྤྱད་པའི་རྐྱེན་གྱིས་བོད་རང་སྐྱོང་ལྗོངས་ནི་རང་རྒྱལ་གྱི་ཏེན་མི་འདང་བའི་ནད་གཞི་ཐོན་མང་བའི་ཁུལ་དང་ནད་གཞི་ལྗིད་པའི་ཁུལ་གྱི་གྲས་ཤིག་ཏུ་གྱུར་ཡོད། 2008ལོ་ནས་བཟུང་། བོད་ལྗོངས་ཀྱིས་ཏེན་ཚྭ་ཁྱབ་གདལ་གཏོང་ཤུགས་རིམ་བཞིན་ཆེ་རུ་བཏང་ནས་མིག་སྔར་ལྗོངས་ཡོངས་ཀྱི་ཁྱབ་ཚད་98%ལས་བརྒལ་བ་དང་། ཞིང་འབྲོག་མང་ཚོགས་ལ་ད་དུང་ཏེན་ཚྭ་ཉོ་བའི་ཁ་གསབ་ལོངས་སུ་སྤྱོད་རྒྱུ་ཡོད་པ་རེད། ཏེན་ཚྭ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་བ་དང་བསྟུན་ནས། བོད་ལྗོངས་བྱང་ཐང་གི་འབྲོག་པས་ཚྭ་མཚེའུ་རུ་ཚྭ་འཐུ་བའི་སྲོལ་རྒྱུན་མེད་པར་གྱུར་ལ་ཉེ་བ་དང་། སྨར་ཁམས་ཀྱི་ཚྭ་ཁ་ལྷོ་ནི་སྔར་བཞིན་མུ་མཐུད་ཚྭ་ཐོན་སྐྱེད་བྱེད་བཞིན་པའི་གནའ་བོའི་ཚྭ་ཞིང་གཅིག་པུར་གྱུར་ཡོད་པ་རེད། 
     ད་ཆ་རས་རྩུབ་པའི་བོད་ཆས་གྱོན་ཞིང་། ཆུ་ཟོམ་ཕྲག་ཏུ་འཁུར་བའི་སྐལ་བཟང་རྒྱ་མཚོས་ཡུལ་སྐོར་བར་ཚྭ་ཁ་ལྷོའི་སྲོལ་རྒྱུན་ཁྱིམ་ཚང་གི་རྒྱན་གོས་སྟོན་བཞིན་ཡོད་པ་རེད། 
     “འདི་ནི་ངའི་ཨ་མྱེས་ལགས་འཚོ་བཞུགས་སྐབས་སྡོད་རྒྱུར་དགའ་ཤོས་ཀྱི་གནས་རེད། འདི་ལྟར་ཇ་བསྲུབས་མ་འཐུང་བ་དང་། ངའི་རྨོ་མོ་དེ་གར་སྡོད་པ་རེད”ཅེས་ཁོང་གིས་ཁང་རྙིང་ནང་དུ་ཡུལ་སྐོར་བར་སྐབས་དེའི་འཚོ་བའི་རྣམ་པ་བརྗོད་པ་རེད། 
     སྐལ་བཟང་མཚོ་ཡིས་ལྕགས་རྟ་གྲོང་ཚོར་མིག་སྔར་ཚྭ་ཞིང་2700ལྷག་ཙམ་ཡོད་པ་དང་། ཚྭ་ཞིང་རེར་ལོ་རེར་ཚྭ་སྤྱི་རྒྱ་500ཐོན་གྱི་ཡོད། ཚྭ་ཞིང་གི་ཡོང་འབབ་ཀྱིས་གྲོང་མིའི་ཡོང་སྒོའི་ཕྱེད་ཀ་ལྷག་ཙམ་ཟིན་ཡོད། རྣམ་པ་འདིའི་རིགས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་བསྟུན་ནས་འགྱུར་ལྡོག་འབྱུང་བཞིན་ཡོད་ཅེས་བརྗོད། 
     ཆུ་ཟོམ་དེ་ཆུ་འཐེན་འཕྲུལ་འཁོར་དུ་གྱུར་པ་དང་། ཚྭ་ཞིང་མཛེས་ལྗོངས་ཁུལ་དུ་གྱུར། ཁང་པ་རྙིང་པར་བོད་ཁྱིམ་སྤྲོ་སྐྱིད་ཁང་བཙུགས་པ་དང་། སྐལ་བཟང་རྒྱ་མཚོའི་ད་ལོའི་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་3བྱུང་ཡོད། ཡུལ་ཚྭའང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་དྲན་རྟེན་དངོས་པོར་གྱུར། ལོ་26ལ་སླེབས་པའི་ལྷ་མོས་རང་ཉིད་ཀྱིས་ཉིན་ལྟར་ཁྱིམ་ནས་ཐོན་སྐྱེད་བྱས་པའི་ཡུལ་ཚྭ་ཕྱིར་ཚོང་བྱེད་འགན་འཁུར་གྱི་ཡོད་པ་མ་ཟད། ད་དུང་སྤྱོད་སྒོ་གསར་པ་བཏོད་ཡོད་ཅེས་བཤད། “ཚྭ་དམར་པོས་རྐང་པ་སྦང་ན་ངལ་དུབ་སེལ་ཐུབ།” ཆག་རེ་ལ་སྒོར་15ཡིན་ལ། ཡུལ་སྐོར་བས་འཚང་ཁ་ཤིག་ཤིག་ངང་ཉོ་གི་ཡོད།

     གྲོང་མི་ཚོས་ལོ་ངོ་སྟོང་གི་ཚྭ་ཁ་ལྷོར་བྱུང་པའི་སྲོལ་རྒྱུན་ལག་རྩལ་དེ་ཁྲོན་བོད་གཞུང་ལམ་ཐོག་བཀྲག་མདངས་འཚེར་ཐུབ་པ་མ་ཟད། ད་དུང་དུས་རབས་གསར་པའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཁྲོད་བོད་ལྗོངས་ཤར་རྒྱུད་ས་ཁུལ་གྱི་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་ནས་བོད་རིགས་ས་ཁུལ་དར་རྒྱས་ཀྱི་ཕུགས་འདུན་ལ་འདེགས་སྐྱོར་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད།






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1