དམག་དཔུང་ཡོངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་ཚོགས་པ་ལས་ཁུངས་སོ་སོར་སོང་སྟེ་སྐོར་ཞིབ་སྒྲོག་འགྲེལ་བྱས།
རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 11-21
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྟུད་མར་ཉིན་འགའི་རིང་ལ། དམག་དཔུང་ཡོངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་ཚོགས་པ་ལས་ཁུངས་སོ་སོར་སོང་སྟེ་སྐོར་ཞིབ་སྒྲོག་འགྲེལ་བྱས། གནད་ལ་འཁེལ་བའི་སྒོ་ནས་རྒྱས་བཤད་དང་བརྗེ་རེས་བྱས་པར་དཔོན་དམག་རྣམས་ཀྱི་དགའ་བསུ་ཐོབ་པར་མ་ཟད། རྒྱུན་མཐུད་སྒོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྤྲོ་སེམས་ཇེ་ཆེར་གྱུར།
ཉིན་འདི་འགར་དམག་དཔུང་ཡོངས་ཀྱི་སྒྲོག་འགྲེལ་ཚོགས་པ་ཚན་ཆུང་དྲུག་ཏུ་བགར་ཏེ་དམག་དཔུང་ཏང་ཨུའི་ལས་ཁུངས་དང་དམག་དཔུང་སོ་སོ། འཐབ་ཁུལ་སོ་སོ། དམག་དཔུང་གི་སློབ་གླིང་སོགས་ལ་སོང་ནས་སྐོར་ཞིབ་སྒྲོག་འགྲེལ་ཐེངས་བཅུ་བདུན་ལ་བྱས།
སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ལོ་རྒྱུས་ཀྱི་རྒྱུ་ཆ་གང་མང་དང་གྱོན་དོན་དཔེ་མཚོན་སྣ་ཚོགས་ལ་བརྟེན་ཏེ་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་གསལ་བཤད་བྱས་ཤིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་མངོན་གསལ་ཁྱད་སྟོབས་རྒྱས་བཤད་བྱས་པ་དང་། ཏང་དང་རྒྱལ་ཁབ་ལས་དོན་ཐད་ནས་བླངས་པའི་གྲུབ་འབྲས་བརྗོད་པར་མ་ཟད། ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་ནང་གི་སྤྱིའི་རེ་བ་དང་སྤྱིའི་དམིགས་འབེན། ལས་འགན་གཙོ་བོ་བཅས་ལ་འགྲེལ་བཤད་བྱས། རིམ་པ་སོ་སོའི་དཔོན་དམག་རྣམས་ཀྱིས་བརྙན་འཕྲིན་དང་ཁ་པར་གྲོས་ཚོགས་བརྒྱུད་དེ་ཡན་ལག་ཚོགས་ར་སོ་སོའི་སྙན་ཞུ་ལ་ཉན།
སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཞིབ་ཅིང་བདེན་པའི་གཞི་གྲངས་དང་གསོན་ཉམས་ལྡན་པའི་བརྗོད་བྱར་བརྟེན་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་བཏོན་པའི་འདུ་ཤེས་གསར་བ་དང་བསམ་ཕྱོགས་གསར་བ། འཐབ་ཇུས་གསར་བ་འགྲེལ་བཤད་བྱས་ཏེ། དཔོན་དམག་རྣམས་ཀྱིས་ཏང་གིས་མི་དམངས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་པའི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་དམག་དོན་ལམ་ལུགས་རང་རྟོན་ཇེ་བརྟན་གཏོང་བ་སོགས་ཀྱི་ནང་དོན་གྱི་དོན་སྙིང་དང་བརྗོད་དོན་ལ་རྒྱུས་ལོན་ཟབ་མོ་བྱེད་པར་རོགས་རམ་བྱས། །