ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས།
རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 11-26
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྟུད་མར་ཉིན་འགའི་རིང་ལ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས། ཚང་མས་བཤད་རྒྱུར། ཆོད་སེམས་ཇེ་བརྟན་དུ་གཏོང་བ་དང་གསར་གཏོད་གསར་སྐྲུན་བྱས་ཏེ། དུས་རབས་གསར་བའི་ཏང་དང་རྒྱལ་ཁབ་ལས་དོན་འཕེལ་རྒྱས་ཀྱི་རེ་བ་གསར་བ་སྔར་ལས་ལག་ལེན་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་རེ་འདུན་གསར་བ་ཡོངས་སུ་སྐོང་ངེས་ཡིན་ཟེར།
ཚང་མས་བལྟས་ན། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་ཀྲུང་གོའི་འཕེལ་རྒྱས་ཀྱི་ཆེན་པོའི་རྒྱབ་ཕྱོགས་ཀྱི་ལམ་ལུགས་ཁྱད་སྟོབས་གསལ་སྟོན་བྱས་ཤིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཇུས་གཞི་ཆེན་པོ་ཕུན་སུམ་ཚོགས་པར་བཏང་བ་དང་། དེ་ལས་རིགས་གཞུང་ཐད་ཀྱི་སྙིང་བསྡུས་གསར་བ་མངོན་པར་བྱས་པར་མ་ཟད་ལག་ལེན་ཐད་ཀྱི་རེ་བ་གསར་བ་མངོན་པར་བྱས་ཡོད་པར་སྙམ།
ཚང་མས་བཤད་རྒྱུར། དུས་རབས་གསར་བའི་ཁྱོན་ཡོངས་ཀྱི་བཅོས་སྒྱུར་ཟབ་སྤེལ་ལ་འཆར་གཞི་བཟང་བོ་འགོད་ན་ངེས་པར་དུ་རྒྱལ་ཁབ་འཕེལ་རྒྱས་ཀྱི་རེ་བ་དང་དུས་རབས་ཀྱི་འཕེལ་རིམ་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། དགོངས་དོན་ཁོང་དུ་ཆུད་པར་བྱེད་པ་དང་ཉིང་བཅུད་གསལ་བོར་རྟོགས་པར་བྱེད་དགོས་ཟེར།
ཚང་མས་བཤད་རྒྱུར། རྒྱུན་མཐུད་སྒོས་ཚང་འཛོམས་གྲོས་ཚོགས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་སྣ་ཚོགས་དངོས་འབེབས་བྱས་ཏེ་ཕན་འབྲས་ངོ་མ་ཐོབ་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་དུ་མུ་མཐུད་ནས་རྣམ་པ་གསར་བ་མངོན་པར་སྐུལ་འདེད་གཏོང་དགོས་ཟེར།