དཀར་མཛེས་ཁུལ་གྱི་ཤེས་ལྡན་མི་སྣའི་ཕྱོགས་ངེས་བསྐྱེད་བསྲིང་རྟོག་ཞིབ་ཚོགས་པ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་བསྐྱོད་པ།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-05


             སྤྱི་ཟླ་11པའི་ཚེས་1ཉིན། དཀར་མཛེས་ཁུལ་གྱི་ཤེས་ལྡན་མི་སྣའི་ཕྱོགས་ངེས་བསྐྱེད་བསྲིང་རྟོག་ཞིབ་ཚོགས་པ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་བསྐྱོད་ཅིང་། ཆེད་ལས་སློབ་མར་ཕྱོགས་ངེས་བསྐྱེད་བསྲིང་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད། སློབ་གླིང་ཁ་ཤས་ལ་གཟིགས་ཞིབ་གནང་ཡོད། ཁུལ་ཨུའི་རྒྱུན་ཨུ། སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཞུས་ཁྲུན་ཞིའུ་རྟོག་ཞིབ་ལ་ཕེབས་ཡོད།

             རྟོག་ཞིབ་ཚོགས་པ་ཡུལ་སྐོར་དོ་དམ་སྡེ་ཁག་དང་ཁྲིམས་ལུགས་རིག་པའི་སྡེ་ཁག གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་སྡེ་ཁག་བཅས་ཀྱི་ཚོད་ལྟ་ཁང་དང་ཆེད་ལས་ལག་ལེན་སྦྱོང་བརྡར་ལྟེ་གནས། དེ་མིན་སློབ་མ་ཚོའི་ཕུལ་བྱུང་གསར་གཏོད་ཀྱི་ལས་གཞི་སོགས་ལ་གཟིགས་ཞིབ་གནང་སྟེ། སློབ་གྲྭའི་སྒྲིག་ཆས་དག་ལ་བསྟོད་བསྔགས་གནང་བ་མ་ཟད། སློབ་གྲྭའི་འགོ་ཁྲིད་དང་དགེ་སློབ་རྣམས་དང་ལྷན་དུ་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། དན་ཐོའི་ཕྱོགས་ངེས་ཀྱི་ཤེས་ལྡན་མི་སྣ་བསྐྱེད་བསྲིང་བྱེད་པའི་སློབ་མའི་བདག་དམ་དང་། སློབ་ཁྲིད་བཀོད་སྒྲིག  ལས་ཞུགས་བཀོད་སྒྲིག་སོགས་ཀྱི་ཐད་ནས་བགྲོ་གླེང་བྱས།

           བཞུགས་མོལ་ཚོགས་འདུའི་ཐོག་ཏུ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་གླིང་དང་སྡེ་ཁག་ཁག་གི་འགོ་ཁྲིད་རྣམ་པས་སོ་སོའི་སྡེ་ཁག་གི་ཕྱོགས་ངེས་སློབ་མ་ཚོའི་སློབ་གྲྭའི་གནས་ཚུལ་དང་། ཆེད་ལས་སློབ་ཁྲིད་ཀྱི་བཀོད་སྒྲིག་དང་སློབ་མའི་བདག་དམ་སོགས་ཀྱི་ཐད་དུ་ངོ་སྤྲོད་གནང་བ་དང་། འབྲེལ་ཡོད་སྡེ་ཁག་གི་གནད་དོན་ལ་བགྲོ་གླེང་བྱས། རྟོག་ཞིབ་ཚོགས་པའི་སྐུ་ཚབ་དང་སློབ་མའི་ཚབ་བྱེད་མི་སྣས་ཚོགས་འདུའི་ཐོག་གཏམ་བཤད་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1