དཀར་མཛེས་ཁུལ་གྱི་ཆེས་ཐོག་མའི་རྒྱལ་སྤྱིའི་བརྙན་ལེན་འགྲན་བསྡུར་ཆེན་མོ་དེ་2013ལོའི་ཟླ་10པར་འགོ་ཚུགས་པ་ནས་བཟུང་། ལོ་གཅིག་ལྷག་གི་རིང་རིམ་པར་བདམ་གསེས་བྱས་པར་བརྒྱུད་ད་ལྟ་ཡོངས་སུ་མཇུག་བསྒྲིལ། ཐེངས་འདིའི་འགྲན་བསྡུར་ལ་རང་བྱུང་མཛེས་ལྗོངས་དང་མི་ཆོས་རིགས་ཞེས་གཉིས་སུ་བགར་ཡོད། དེའི་ནང་ནས་སོ་སོར་གསེར་གྱི་རྟགས་མའི་ཉར་ཚགས་བྱ་དགའ་གཅིག་དང་། དངུལ་གྱི་རྟགས་མའི་ཉར་ཚགས་བྱ་དགའ་གཉིས། ཟངས་ཀྱི་རྟགས་མའི་ཉར་ཚགས་བྱ་དགའ་གསུམ། བརྩམས་ཆོས་བཟང་གྲས་ཉི་ཤུ། ཕུལ་བྱུང་བྱ་དགའ་ལྔ་བཅུ་བཅས་བདམས་ཐོན་བྱུང་ཡོད། གཤམ་དུ་བརྙན་ལེན་འགྲན་སྡུར་ཆེན་མོའི་བརྩམས་ཆོས་སྐོར་ཅིག་ལྷན་རྒྱས་ཀྱི་གཟིགས་མོར་ཕུལ།