ཧུང་ཡོན་དུ་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར།

འཇམ་དབྱངས་བློ་གྲོས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-12



       གལ་ཏེ་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་མེད་ན། རང་རེའི་རྒྱལ་ཁབ་དང་རང་རེའི་མི་རིགས་ལ་དེ་རིང་ལྟ་བུ་གྲུབ་འབྲས་ཐོབ་མི་ཐུབ་པ་དང་། དེ་རིང་ལྟ་བུ་རྒྱལ་སྤྱིའི་གོ་གནས་ཐོབ་མི་ཐུབ། ཉེ་ཆར་ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ་གྱི་སྟག་ལུང་གྲོང་ཚོའི་ཚོགས་ཁང་དུ་ཏང་ཀྲི་པུའུ་ཧྲུའུ་ཅི་བ་བསྟན་གྱིས་ཏང་ཡོན་མང་ཚོགས་རྣམས་ལ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སྒྲོག་འགྲེལ་བྱས།
      དུས་རབས་གསར་བ་ལ་རྣམ་པ་གསར་བ་ཡོད་དགོས་པར་མ་ཟད། མཛད་རྗེས་གསར་བའང་ཡོད་དགོས། ཉིན་བསྟུད་མར་ཧུང་ཡོན་རྫོང་གི་ཡུལ་ཚོ་དང་གྲོང་རྡལ། ལས་ཁུངས་སོ་སོས་འཕྲལ་དུ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྤྱི་བསྒྲགས་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ཤིང་། རྫོང་ཡོངས་སུ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དང་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་ཞེས་པའི་བརྗོད་གཙོ་སློབ་གསོ་དང་ཟུང་དུ་སྦྲེལ་ནས་སློབ་སྦྱོང་དང་ལག་ལེན་བྱེད་པར་སྐུལ་སློང་བྱས་པས། རྫོང་ཡོངས་སུ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་དྲག་པོར་འཕྱུར།
      ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བས་སྤྱི་ཚོགས་བདག་སྐྱོང་ཐད་ཚད་མཐོན་པོས་བཀོད་སྒྲིག་དང་། ང་ཚོས་གཞི་རིམ་གྱི་བདག་སྐྱོང་བྱ་བར་བྱེད་ཕྱོགས་གསལ་པོར་བསྟན་ཡོད། ཧུང་ཡོན་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཕྱོགས་སྡོམ་གཞུང་ལས་ཁང་དང་ཕྱོགས་སྡོམ་བདག་སྐྱོང་ཅུས་ཀྱི་འགན་ཁུར་བས་བཤད་པར། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལས་གཞི་རིམ་ལ་ཡུན་རིང་བཀག་སྡོམ་བྱེད་པའི་བདག་སྐྱོང་དཀའ་གནད་ལ་འགྲེལ་བཤད་གསལ་པོ་བྱས་ཡོད། ཧུང་ཡོན་རྫོང་གི་གཞི་རིམ་གྱི་སྤྱི་ཚོགས་བདག་སྐྱོང་བྱ་བ་ནི་ཐོག་མཐའ་བར་གསུམ་གྱི་བྱ་བ་གལ་ཆེན་ཞིག་རེད། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་ལས་གཞི་རིམ་གྱི་སྤྱི་ཚོགས་ཇི་ལྟར་བདག་སྐྱོང་བྱེད་པར་བྱེད་ཕྱོགས་གསལ་བོར་བསྟན་ཡོད། ང་ཚོས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་དང་ཞིབ་འཇུག་ལེགས་པོར་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁོང་དུ་ལེགས་པོར་ཆུད་ན། ལས་ཀ་ལེགས་པོར་བསྒྲུབ་ཐུབ་རྒྱུ་རེད་ཅེས་བཤད་བྱུང་།
      སློབ་སྦྱོང་སྐབས་སུ། ཧུང་ཡོན་རྫོང་གི་ལས་བྱེད་པ་ཚང་མས་བཤད་པར། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་གཏིང་ཟབ་མོར་རྒྱུས་ལོན་དང་ཁོང་དུ་ལེགས་པོར་ཆུད་དགོས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་གྱིས་ཁྲིད་སྟོན་བྱེད་དགོས། ཚང་འཛོམ་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་ལེགས་པོར་བྱེད་པ་དང་། རང་ཉིད་ཀྱི་ལས་གནས་སུ་རྐང་བཙུགས་ནས་དམངས་ཀྱི་དོན་ལ་འབད་བརྩོན་བྱས་ནས། རྒྱ་ཆེའི་འབྲོག་པ་མང་ཚོགས་ལ་སྔར་ལས་སྐྱིད་སྣང་སྟེར་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1