ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་རེབ་གོང་བོད་རིགས་རང་སྐྱོང་ཁུལ་ནི་རྨ་ཆུའི་ཁུག་པ་དགུ་ཡི་ཁུག་པ་དང་པོར་ཆགས་ཤིང་། མཚོ་སྔོན་དང། ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་བར་མཚམས་སུ་གནས་པ་དང་། རྒྱལ་ཁབ་གཙང་གསུམ་ཆུ་འགོ་རང་བྱུང་སྲུང་སྐྱོང་ཁུལ་དང་ཀྲུང་ཧྭ་ཆུ་མཛོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། དེར་མུ་མཐའ་མེད་པའི་རྩྭ་ར་དང་། མཛེས་སྡུག་ལྡན་པའི་རེབ་གོང་སྒྱུ་རྩལ། ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས། དེ་བཞིན་ཆུ་བོ་དྭངས་ལ་རི་བོ་སྔོ་བའི་མཛེས་སྡུག་ལྡན་པའི་རྣམ་པ་བཅས་ཡོད།