རྔ་ཁུལ་ལ་མཚན་སྙན་གསར་བ་གནང་འདུག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-13


        ཚེས་11ཉིན། རྒྱལ་ཁབ་དོན་གཅོད་ཨུ་ཡོན་ལྷན་ཁང་གི་གཞུང་ཕྱོགས་དྲྭ་ཚིགས་ཐོག《རྒྱལ་ཁབ་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ལ་“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་”གྱི་མཚན་སྙན་གནང་བའི་ཆོད་དོན་》་ཁྱབ་བསྒྲགས་བྱས་འདུག 
 རྒྱལ་ཁབ་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ལ་“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་”གྱི་མཚན་སྙན་གནང་བའི་ཆོད་དོན། 

མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་། 
﹝2019﹞ཨང་རྟགས་118པ། 

        ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར། དེ་བཞིན་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་མི་རིགས་(ཆོས་ལུགས།)དོན་གཅོད་ཨུ་ཡོན་ལྷན་ཁང་(ཐིང་། ཅུས།)དང་། ཨུ་ཡོན་ལྷན་ཁང་གི་སྡེ་ཁག་ཁག་དང་ཐད་གཏོགས་སྡེ་ཚན་ཁག ཀྲུང་གུང་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་དང་ཁུལ་མི་དམངས་སྲིད་གཞུང་བཅས་ལ། 

      རྔ་བ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་བཙུགས་ཚུན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཤིང་། ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་ཁག་འཐུས་ཚང་དུ་གཏོང་བ་དང་། “མདུན་སྐྱོད་བདུན་+”གྱི་བྱེད་སྒོ་ཏན་ཏིག་སྤེལ་བ། ཏང་ཡོན་ལས་བྱེད་པ་དང་། རོང་འབྲོག་མང་ཚོགས། ཆོས་ལུགས་ལས་རིགས་མི་སྣ་བཅས་ཀྱིས་མཉམ་འབྲེལ་སྒོས་དབུལ་སྐྱོར་བྱེད་པའི་ལུགས་སྲོལ་གསར་དུ་གཏོད་པ།  གསར་གཏོད་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་ལས་གྲུབ་ཆ་བཟང་སྒྲིག་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཚད་མགྱོགས་སུ་གཏོང་བ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དངོས་པོའི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་རྒྱུར་སྐུལ་འདེད་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་དབུལ་བྲལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་དང་། ལས་ཞུགས་དང་། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོའི་ཁྱབ་ཁོངས་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། སློབ་གསོ་དང་། ཚན་རྩལ། རིག་གནས་སོགས་སྤྱི་ཚོགས་ཀྱི་བྱ་གཞག་ཁག་དར་རྒྱས་གོང་འཕེལ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་འཕེལ་རྒྱས་སུ་འགྲོ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྨང་གཞི་སྔར་བས་བརྟན་དུ་འགྲོ་བ་བཅས་བྱེད་དགོས། 
      རྔ་བ་ཁུལ་གྱིས་དངོས་ཡོད་ལག་ལེན་བྱས་མཐར། བོད་རིགས་ས་ཁུལ་གྱི་མི་རིགས་རང་སྐྱོང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གསར་གཏོད་ལམ་བུ་ཞིག་འཚོལ་ཞིབ་ཐུབ་ནས་སི་ཁྲོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ལེགས་སྐྱེས་ཕུལ་བ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གསར་གཏོད་དང་འཕེལ་རྒྱས་ཆེད་རྩ་ཆེའི་ཉམས་མྱོང་མཁོ་འདོན་བྱས་ཡོད། ཞིབ་འཇུག་བྱས་པ་བརྒྱུད། རྔ་བ་ཁུལ་ལ་“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་”ཞེས་པའི་མིང་འདོག་རྒྱུའི་གཏན་འབེབས་བྱས་པ་རེད། 
      རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱིས་སི་ཁྲོན་ཞིང་ཨུ་དང་མི་དམངས་སྲིད་གཞུང་གི་འགོ་ཁྲིད་འོག ད་ཐེངས་ཀྱི་མཚན་སྙན་ནི་འགོ་འཛུགས་ས་གསར་པ་ཞིག་ཏུ་བརྩིས་ཏེ། ཀྲུང་ཧྭ་མི་རིགས་སྔར་བས་སྟོབས་འབྱོར་ལྡན་པ་དང་གོང་བུ་འགྲིལ་ཤུགས་ཆེ་བའི་ལམ་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཆེན་པོ་ཡོད་པ་རེད། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་གྱི་དར་ཆ་ཐོག་མཐའ་བར་གསུམ་དུ་མཐོན་པོར་སྒྲེང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་སྐོར་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། དཔེ་སྟོན་ཁུལ་གཏོད་པའི་གྲུབ་འབྲས་ཟམ་མི་ཆད་པར་སྲ་བརྟན་དང་རིམ་སྤོར་བྱེད་པ། རྨང་གཞི་བརྟན་དུ་གཏོང་བ་དང་། ལེགས་ཆ་ཆེ་རུ་གཏོང་བ། ཞན་ཆ་གསབ་པ། དྲག་ཞན་རྣམ་གྲངས་བཅས་ལ་ཤུགས་སྣོན་རྒྱག་པ། འབྱོར་འབྲིང་དང་དེང་རབས་ཅན་གྱི་གོམ་སྟབས་གཅིག་མཚུངས་དང་། སྤྱི་པའི་ཞབས་ཞུ་དང་སྤུས་ཚད་གཅིག་གྱུར། ཁྲིམས་སྐྱོང་འགན་ལེན་དབང་ཆ་གཅིག་མཐུན། བསམ་པའི་ཁྱིམ་གཞིས་མཉམ་སྐྲུན། སྤྱི་ཚོགས་ཞི་མཐུན་མཉམ་གཏོད་བཅས་སྔོན་ལ་མངོན་འགྱུར་ཡོང་བ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་འདུན་མངོན་འགྱུར་དང་། བློ་གཅིག་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་ཧུར་ཐག་སྒོས་གཏོད་དགོས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་གི་འགོ་ཁྲིད་དེ་མི་རིགས་ལས་དོན་གྱི་ཁྱབ་ཁོངས་ཁག་ཏུ་ཁྱབ་པར་བྱས་ཏེ་ཆབ་སྲིད་ཀྱི་འགན་འཁྲི་དང་འགན་འཁྲི་འཁུར་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གསར་གཏོད་དང་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།   གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། དམངས་འཚོའི་བདེ་སྐྱིད་ཟམ་མི་ཆད་པར་ཆེ་རུ་གཏོང་བ། མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་འདུན་པ་ཟམ་མི་ཆད་པར་སྐོང་དགོས།  སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རིན་ཐང་འདུ་ཤེས་རྒྱ་ཁྱབ་ངང་དར་སྤེལ་གཏོང་བ་དང་མི་རིགས་ཁག་གིས་མཉམ་སྤྱོད་བྱེད་པའི་ཀྲུང་ཧྭའི་རིག་གནས་ཀྱི་མཚོན་རྟགས་དང་ཀྲུང་ཧྭ་མི་རིགས་ཀྱི་གཟུགས་བརྙན་འཛུགས་པ་མངོན་གསལ་དོད་དུ་བཏང་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་དགོས། 
མི་རིགས་ཁག་གི་འགྲོ་འོང་དང་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ་དང་། མཉམ་སྡོད་དང་མཉམ་ལས། མཉམ་དུ་སྐྱིད་ལ་རོལ་བ་བཅས་ཀྱི་ཆ་རྐྱེན་ཧུར་ཐག་གིས་གཏོད་པ། ཁྱབ་ཁོངས་སྔར་བས་རྒྱ་ཆེ་བ་དང་། རིམ་པ་སྔར་བས་གཏིང་ཟབ་པའི་འགྲོ་འོང་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། མི་རིགས་ལས་དོན་གྱི་བཅོས་སྐྱོང་དེང་རབས་ཅན་ལ་མགྱོགས་མྱུར་འགྱུར་བར་སྐུལ་འདེད་གཏོང་བ་དང་། བཅའ་ཁྲིམས་སྤྱད་དེ་མི་རིགས་མཐུན་སྒྲིལ་ལ་འགན་ལེན་དང་ཤུགས་སྣོན་རྒྱག་པ། མི་རིགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དང་། སྤྱི་ཚོགས་ཅན་དང་། ཆེད་ལས་ཅན། ཁེ་ལས་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལམ་ལུགས་ཀྱི་མ་ལག་སྔར་བས་གནད་སྨིན་འཐུས་ཚང་དང་སྔར་བས་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་རེད། དཔེ་སྟོན་ཁུལ་གྱི་སྣེ་ཁྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། དཔེ་སྟོན་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་ལམ་ལུགས་རང་བཞིན་གྱི་གྲུབ་འབྲས་དེ་བས་མང་བ་ཞིག་ཆགས་པ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བ་དང་། “ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ཆེད་དུ་མུ་མཐུད་དུ་འབད་འཐབ་བྱེད་དགོས་སོ།། 
རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་། 
2019ལོའི་ཟླ་12ཚེས་9ཉིན།
2010ལོར། རང་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱེད་སྒོའི་ལས་ཀ་སྤེལ་མགོ་བཟུང་།
2017ལོར། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་《རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་བྱ་བའི་གྲོས་གཞི་》བཏོན།
2018ལོར། ཁུལ་ཨུའི་སྐབས་11པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་ཐོག རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་རྒྱུ་དེ་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་འཛུགས་སྐྲུན་བྱེད་པའི་བྱ་བའི་སྲོག་ཤིང་དུ་འཛིན་པར་སྐུལ་མ་བྱས། 


རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བཙུགས་པ་ནས་བཟུང་།
        མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིགས་གནས། ཀྲུང་གོའི་གུང་ཁྲན་ཏང་བཅས་ལ་མོས་མཐུན་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ལ་མོས་མཐུན་བྱེད་པ། རྔ་བའི་མི་རིགས་ཁག་གི་མི་དམངས་རྣམས་མི་སེམས་གཅིག་སྒྲིལ་དང་། རིན་ཐང་ལྟ་བ་གཅིག་མཐུན། མོས་སེམས་གཅིག་མཐུན། རིག་གནས་ཐད་མཉམ་སྡུད་མཉམ་གསོག་དང་དཔལ་འབྱོར་ཐད་ཕན་ཚུན་རོགས་རེས་བཅས་བྱས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་གཅིག་ཏུ་སྦྲེལ་ཡོད། 

རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བཙུགས་པ་ནས་བཟུང་།
        མང་ཚོགས་དང་འབྲེལ་བ་ཟབ་ཏུ་གཏོང་བ་དང་། མང་ཚོགས་ནང་ཞུགས་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་དངོས་ཡོད་ལག་ལེན་གྱིས་དམངས་ཚོགས་ཚང་མའི་སེམས་པ་གཅིག་ཏུ་སྒྲིལ་ཏེ། རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཇེ་ཆེ་དང་འགན་འཁྲི་འཁུར་སེམས་ཆེས་ཆེར་འཕེལ་བར་བྱས་ཡོད། 
རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བཙུགས་པ་ནས་བཟུང་།

        མཐུན་པའི་ལག་གདང་སྦྲེལ་ནས་ཕན་ཚུན་ལ་ལྟ་སྐྱོང་དང་ཕན་ཚུན་ལ་རོགས་རམ་བྱེད་པའི་གཏམ་རྒྱུད་རེ་རེ་བཞིན་བྲིས་ཏེ། ཉིན་རེ་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པའི་རྔ་ཁུལ་དུ་མི་རིགས་མཐུན་སྒྲིལ་དང་། དཔལ་འབྱོར་འཕེལ་རྒྱས། རིག་གནས་དར་རྒྱས། སྤྱི་ཚོགས་བདེ་འཇགས། མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་བཅས་ཀྱི་གནས་བབ་ཡག་པོ་ཞིག་བསྐྲུན་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1