ཟླ་12ཚེས་12ཉིན་ནི་བོད་ཟླ་བཅུ་བའི་ཚེས་བཅོ་ལྔ་ཡིན་ཞིང་། བོད་ཀྱི་སྲོལ་རྒྱུན་གྱི་དུས་ཆེན་“དཔལ་ལྷའི་རི་ཁྲོད”ཡིན་པ་དང་། དེ་ལ“ལྷ་མོའི་དུས་ཆེན”དང་“དཔལ་ལྷའི་དུས་ཆེན”ཡང་འབོད་སྲོལ་ཡོད། པར་འདི་ནི་མང་ཚོགས་ཀྱིས་གཙུག་ལག་ཁང་མདུན་དུ་འདུས་ནས། མཉམ་དུ་བཀྲ་ཤིས་གླུ་དབྱངས་ལེན་པ་དང་། དཔལ་ལྷའི་སྐུ་མདུན་དུ་སྒོར་གཞས་འཁྲབ་ནས། “ལྷ་མོའི་དུས་ཆེན”དགའ་སྤྲོའི་ངང་གཏོང་བཞིན་པའི་རྣམ་པ་རེད།