ཟླ་12ཚེས་16ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ས་གཤིས་རྟོག་ཞིབ་ཁང་ནས་ཤེས་རྟོགས་བྱུང་གསལ། རྟོག་ཞིབ་ཁང་དེས་བསྟུད་མར་མཚོ་བོད་མཐོ་སྒང་གི་འཛམ་གླིང་རང་བྱུང་རྗེས་ཤུལ་གཅིག་པུ་སྟེ་མཚོ་སྔོན་ཨ་ཆེན་གངས་རྒྱབ་ཀྱི་གུ་རུ་མཚོ་རྒན་དང་སྨྲི་ཏི་ཚྭ་ཆེན། སྨྲི་ཏི་ཚྭ་ཆུང་བཅས་ལ་དར་ཆགས་རྗེས་ཀྱི་གནས་ཚུལ་ལ་རྒྱང་ཚོར་གྱིས་བརྟག་དཔྱད་བྱས་པ་དང་། རྒྱང་ཚོར་བརྟག་དཔྱད་ལས་མངོན་གསལ། ཟླ་11ཚེས་26ཉིན། སྨྲི་ཏི་ཚྭ་ཆུང་སྟོད་རྒྱུད་ཀྱི་སྨྲི་ཏི་ཚྭ་ཆེན་ལ་མཚོ་དར་ཆགས་འགོ་ཚུགས་ཡོད། ཟླ་12ཚེས་2ཉིན། གུ་རུ་མཚོ་རྒན་ཕྱེད་ཀར་དར་ཆགས་ཡོད་པ་དང་། སྨྲི་ཏི་ཚྭ་ཆུང་ཉེ་འགྲམ་དུ་དར་ཆགས་ཡོད་པ་མ་ཟད། ཤར་ནས་ནུབ་བར་རིམ་བཞིན་དར་ཆགས་བཞིན་ཡོད། ཟླ་12ཚེས་5ཉིན། སྨྲི་ཏི་ཚྭ་ཆུང་ནི་ཆུ་ངོས་ཙམ་ལས་ཕལ་ཆེ་བ་དར་ཆགས་ཟིན་ཡོད། ཟླ་12ཚེས་8ཉིན། ཨ་ཆེན་གངས་རྒྱབ་ཀྱི་ཚྭ་མཚོ་ཡོངས་ལ་དར་ཆགས་ཡོད།
འདི་ནི་ཟླ་11ཚེས་26ཉིན་རྒྱང་ཚོར་ལྟ་སྐུལ་དཔྱད་ཆས་ཀྱིས་ཨ་ཆེན་གངས་རྒྱབ་ས་ཁུལ་གྱི་གུ་རུ་མཚོ་རྒན་དང་སྨྲི་ཏི་ཚྭ་ཆུང་བར་གྱི་སྨྲི་ཏི་ཚྭ་ཆེན་ལ་དར་ཆགས་འགོ་བརྩམ་དུས་བླངས་པའི་པར་རེད།