༄༅། །ལྟ་བས་ཆོག་མི་ཤེས་པའི་རྔ་བའི་མཛེས་ལྗོངས།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-12


    གཉན་པོ་གཡུ་རྩེ་ཞེས་ཕྱོགས་སུ་སྙན་པའི་གྲགས་པ་ཕྱོགས་བཞིར་ཁྱབ་པའི་གནས་རི་རྩ་འདིའི་ཡུལ་གྱི་བཀོད་པ་ནི། མིག་ལྡན་སུ་ཞིག་གིས་ཀྱང་ལྟ་བས་ཆོག་མི་ཤེས་ཏེ། རྩེ་མོ་གནམ་ལ་ཟུག་འདྲའི་བྲག་རི་མཐོན་པོ་དག་གི་མགུལ་དུ་འཆར་ཀ་དང་དགོང་ཁའི་ཉི་འོད་འཕྲོས་ཚེ། བྲག་རའི་ཁ་དོག་རྫ་མདོག་ནས་དམར་སེར་གྱི་མདོག་ཏུ་འགྱུར་ཞིང་། རྒྱང་རིང་ནས་བལྟས་ཚེ་གཟི་བརྗིད་ཀྱི་སྣང་བ་ཅི་ཡང་བསྩོལ་བར་བྱེད། བྲག་རིའི་གཤམ་གྱི་མཚེའུ་དྭངས་ཤིང་གཙང་ལ་གཡུ་ཡི་མེ་ལོང་ཆེན་པོ་ཞིག་བཤམས་པ་དང་ཀུན་ནས་མཚུངས། མཚེའུ་ཡི་མཐའ་ཀུན་ཏུ་སྤང་ཐང་གིས་ལེགས་པར་བརྒྱན་ཡོད་པས། ལྟད་མོ་བར་སྤྲོ་སྐྱིད་ཀྱི་སྣང་བ་ཅི་ཡང་སྦྱིན་པར་བྱེད། 

     གཉན་པོ་གཡུ་རྩེ་ཞེས་ཕྱོགས་སུ་སྙན་པའི་གྲགས་པ་ཕྱོགས་བཞིར་ཁྱབ་པའི་གནས་རི་རྩ་འདིའི་ཡུལ་གྱི་བཀོད་པ་ནི། མིག་ལྡན་སུ་ཞིག་གིས་ཀྱང་ལྟ་བས་ཆོག་མི་ཤེས་ཏེ། རྩེ་མོ་གནམ་ལ་ཟུག་འདྲའི་བྲག་རི་མཐོན་པོ་དག་གི་མགུལ་དུ་འཆར་ཀ་དང་དགོང་ཁའི་ཉི་འོད་འཕྲོས་ཚེ། བྲག་རའི་ཁ་དོག་རྫ་མདོག་ནས་དམར་སེར་གྱི་མདོག་ཏུ་འགྱུར་ཞིང་། རྒྱང་རིང་ནས་བལྟས་ཚེ་གཟི་བརྗིད་ཀྱི་སྣང་བ་ཅི་ཡང་བསྩོལ་བར་བྱེད། བྲག་རིའི་གཤམ་གྱི་མཚེའུ་དྭངས་ཤིང་གཙང་ལ་གཡུ་ཡི་མེ་ལོང་ཆེན་པོ་ཞིག་བཤམས་པ་དང་ཀུན་ནས་མཚུངས། མཚེའུ་ཡི་མཐའ་ཀུན་ཏུ་སྤང་ཐང་གིས་ལེགས་པར་བརྒྱན་ཡོད་པས། ལྟད་མོ་བར་སྤྲོ་སྐྱིད་ཀྱི་སྣང་བ་ཅི་ཡང་སྦྱིན་པར་བྱེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1