ཉེ་ཆར། ཧྲོང་ལིའུ་རྫོང་ཨུ་དང་རྫོང་སྲིད་གཞུང་། འབའ་ཐང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་འགན་ཁུར་ནས། ཧྲོང་ལིའུ་དང་འབའ་ཐང་གིས་བོད་ཁུལ་རོགས་སྐྱོར་ཁ་གཏད་པའི་སྐབས་ལྔ་པའི་ལས་བྱེད་ཤེས་ལྡན་མི་སྣ་གསོ་སྦྱོང་འཛིན་གྲྭ་ཞེས་པའི་འགོ་འཛུགས་མཛད་སྒོ་སྤེལ་ཞིང་། དཀར་མཛེས་ཁུལ་འབའ་ཐང་རྫོང་གི་ལས་རིགས་སོ་སོའི་གསོ་སྦྱོང་མི་སྣ་144མཛད་སྒོའི་ནང་ཞུགས་ཡོད།
ལྷོ་ནུབ་མི་རིགས་སློབ་ཆེན་དང་ཧྲོང་ལིའུ་རྫོང་། འབའ་ཐང་རྫོང་འབྲེལ་བ་ལེགས་པོ་ཡོད་ལ། 2006ལོའི་སྤྱི་ཟླ་6པ་ནས་ད་ལྟའི་བར། སློབ་གྲྭ་དང་ཧྲོང་ལིའུ་རྫོང་། འབའ་ཐང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མཉམ་འབྲེལ་སྒོས། ཧྲོང་ལིའུ་དང་འབའ་ཐང་གིས་བོད་ཁུལ་རོགས་སྐྱོར་ཁ་གཏད་པའི་སྐབས་བཞི་པའི་ལས་བྱེད་ཤེས་ལྡན་མི་སྣ་གསོ་སྦྱོང་འཛིན་གྲྭ་ཞེས་པའི་མཛད་སྒོ་སྤེལ་ཞིང་། ལས་བྱེད་ཤེས་ལྡན་མི་སྣ་མི་ཐེངས་500ལྷག་གསོ་སྦྱོང་བྱས་ཡོད། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ཉིན་15ཡི་རིང་ལ་འཚོག་རྒྱུ་ཡིན་ལ། སློབ་ཁྲིད་སྐབས་འཆད་ཁྲིད་དང་། ཡུལ་དངོས་ནས་ཁྲིད་སྦྱོང་བྱེད་པ། བྱང་ཚད་སློབ་གསོ་མཐོར་འདེགས་གཏོང་བ་སོགས་ཀྱི་ཐད་འབད་བརྩོན་བྱ་རྒྱུ་ཡིན་འདུག །