ཉེ་ཆར། འབྲོག་པས་རྩ་འཛུགས་བྱས་པའི་གཙང་གསུམ་ཆུ་འགོའི་སྤྱི་གླིང་རྨ་ཆུའི་ཆུ་འགོ་ཁུལ་ཆུ་དམར་ལེབ་དོ་དམ་ཁུལ་ལྗང་མདོག་གི་གཙང་གསུམ་ཆུ་འགོའི་གསའ་ལྟ་ཞིབ་རུ་ཁག་གི་རུ་མིས། ཤྭ་བ་མཆུ་དཀར་དང་། སྤྱང་ཀི རྒོ་བ། གཙོད་སོགས་རི་སྐྱེས་སྲོག་ཆགས་མང་པོ་པར་བླངས་ཡོད་ཅིང་། དེ་ཚོའི་སྐབས་རེར་ཁེར་རྐྱང་ངང་རྒྱང་མིག་ལྟ་བ་དང་སྐབས་རེར་རྩེད་མོ་རྩེ་བཞིན་ཡོད།