༄༅།། སྐད་འཕྲིན་གྲོགས་ཚོགས་སུ་འདི་རིགས་བསྐུར་ན་ཁྲིམས་འགལ་རེད་འདུག

རྩོམ་སྒྲིག་པ།ཡོང་ཁུངས།ཁྲིམས་གསལ་མེ་ལོང་། སྤེལ་དུས། 01-02



          ཉེ་དུས་དྲ་བར། ཁྱེད་ཀྱིས་གྲོགས་ཚོགས་སུ་གནས་ཚུལ་འདི་དག་རྩ་བ་ནས་བསྐུར་རྒྱུ་མེད་པའི་དྲན་སྐུལ་བྱས་འདུག

          གྲོགས་ཚོགས་སུ་མི་གཞན་ལ་དམའ་འབེབས་དང་ངན་སྨྲས་བྱས་པའི་རིགས་བསྐུར་མི་ཆོག
          2019ལོའི་ཟླ་དང་པོར། སྐྱེས་པ་ཞིག་གིས་སྔ་རྗེས་སུ་སྐད་འཕྲིན་གྲོགས་ཚོགས་སུ་མི་ཞིག་ལ་ངན་སྨྲས་བྱས་པ་དང་ཆབས་ཅིག་པར་ཡང་བསྐུར་བ་རེད། དེ་རྗེས། མི་དེས་པར་སྐུར་མཁན་གྱི་སྐྱེས་པ་དེ་ཁྲིམས་ལ་གཏུགས་པ་དང་། ཁྲིམས་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད། མི་དེའི་བྱེད་སྤྱོད་དེས་གཞན་གྱི་མིང་རྫས་པས། སྐྱེས་པ་དེར་ཐག་གཅོད་བྱས་པ་དང་སྦྲགས། འཕྲལ་དུ་ནང་དོན་རྣམས་བསུབ་ཏུ་བཅུག་པ་དང་། སེམས་ལ་ཕོག་ཐུག་བྱུང་བའི་གྱོང་གུན་སྒོར་1000གསབ་ཏུ་བཅུག་པ་རེད།

          སྤྱི་དམངས་དང་ཁྲིམས་མིར་མིང་གྲགས་དབང་ཆ་ལྡན་པས། སྤྱི་དམངས་ཀྱི་མི་གཤིས་ལ་རྒྱར་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཐོབ་ཡོད། མི་གཞན་ལ་ངན་སྨྲས་དང་འཇིགས་སྣང་སྐུལ་བའི་གནས་ཚུལ་ཚབས་ཆེ་བ་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་བཏང་ཚེ། ལོ་ལྔ་མན་གྱི་དུས་བཀག་བཙོན་འཇུག་དང་། བཀག་ཉར་རམ་ཡང་ན་ཚོད་འཛིན་དོ་དམ་བྱ་རྒྱུ་རེད།

          གྲོགས་ཚོགས་སུ་ཁྲིམས་འགལ་སྒྲིག་འགལ་གྱི་ཚོང་ཟོག་འཚོང་མི་ཆོག
          2019ལོའི་ཟླ་དྲུག་པར། མི་གསུམ་གྱིས་གྲོགས་ཚོགས་སུ་ངོ་གདོང་མཛེས་བཟོའི་བྱུག་རྫས་རྫུས་མ་བཙོངས་པས། ཞིབ་དཔྱོད་ལས་ཁུངས་ཀྱིས་ངོ་གདོང་མཛེས་བཟོའི་བྱུག་རྫས་རྫུས་མ་ཐོན་སྐྱེད་དང་ཕྱིར་ཚོང་གི་ཉེས་པར་བརྩིས་ནས་གཞུང་གཏུགས་བརྒྱབ་པ་རེད།

          ངོ་གདོང་མཛེས་བཟོའི་བྱུག་རྫས་རྫུས་མ་ཐོན་སྐྱེད་དང་བཙོངས་ཚེ། ལོ་གསུམ་མན་གྱི་དུས་བཀག་བཙོན་འཇུག་གམ་ཡང་ན་བཀག་ཉར་བྱ་རྒྱུ་མ་ཟད། དངུལ་ཆད་གཅོད་རྒྱུ་རེད། མི་ཤི་བའམ་ཡང་ན་དེ་མིན་གྱི་གནས་ཚུལ་ཚབས་ཆེན་ཐོན་ཚེ། ལོ་10ཡན་གྱི་དུས་བཀག་བཙོན་འཇུག་དང་། ཚེ་བཙོན་ནམ་ཡང་ན་སྲོག་ཐོག་གཏོང་རྒྱུ་དང་འབྲེལ་དངུལ་ཆད་གཏོང་བའམ་ཡང་ན་རྒྱུ་ནོར་གཞུང་བཞེས་གཏོང་རྒྱུ་རེད།

          དཀྲོག་གཏམ་བཟོ་བ་དང་དཀྲོག་གཏམ་སྤེལ་མི་ཆོག
          2019ལོའི་ཟླ་5ཚེས་8ཉིན། ཧུའུ་པེ་ཝུའུ་ཧན་ཏུང་ཧུའུ་ལག་རྩལ་གསར་སྤེལ་ཁུལ་གསར་སྤྱི་བདེ་ཡན་ལན་ཅུས་ཀྱིས་ར་སྤྲོད་བྱས་པར། སྐད་འཕྲིན་གྲོགས་ཚོགས་སུ“མི་ཚོང་རྒྱག་མཁན་གྱིས་སྡོད་གནས་ཤིག་ཏུ་ཕྲུ་གུ་དྲན་པ་ཐོར་དུ་བཅུག་འདུག”ཅེས་པའི་ཆ་འཕྲིན་བསྐུར་བ་དེ་དཀྲོག་གཏམ་ཡིན་པས། དཀྲོག་གཏམ་སྤེལ་མཁན་གཉིས་ལ་ཁྲིམས་བཞིན་ཆད་པ་བཅད་པ་རེད།

          ཉེན་ཁ་དང་། རིམས་ནད། གནོད་འཚེ་སོགས་ཀྱི་གནས་ཚུལ་རྫུན་མ་བཟོས་ནས། དྲ་ཐོག་གམ་དེ་མིན་གྱི་སྨྱན་སྦྱོར་ཐོག་སྤེལ་བའམ་ཡང་ན་ཆ་འཕྲིན་རྫུན་མ་ཡིན་པ་ཤེས་བཞིན་དུ། རྐང་བཙུགས་ནས་དྲ་བར་བརྒྱུད་བསྐུར་བྱས་ནས། སྤྱི་ཚོགས་ཀྱི་སྒྲིག་ལམ་ཟང་ཟིང་བཟོས་ཚེ། ལོ་གསུམ་མན་གྱི་དུས་བཀག་བཙོན་འཇུག་གམ་བཀག་ཉར། ཡང་ན་ཚོད་འཛིན་དོ་དམ་བྱ་རྒྱུ་དང་། འཇུག་འབྲས་ཚབས་ཆེན་བཟོས་རིགས་ལ་ལོ་གསུམ་ནས་བདུན་བར་གྱི་དུས་བཀག་བཙོན་འཇུག་བྱ་རྒྱུ་རེད།

          སྐད་འཕྲིན་གྲོགས་ཚོགས་སུ་དཀྲོག་གཏམ་བརྒྱུད་སྤེལ་བྱས་ན་ཆད་པ་ཕོག་པ་མ་ཟད། དཔོད་འཕྲིན་དང་སྐད་འཕྲིན་ཚོགས་པ། QQཚོགས་པ་སོགས་སུའང་དཀྲོག་གཏམ་བརྒྱུད་སྤེལ་བྱས་ན་བཅའ་ཁྲིམས་ཀྱི་ཆད་པ་ཕོག་གི་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1