བཙན་ལྷ་རྫོང་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་གྲོང་གསེབ་དར་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་།
གསང་བདག་སྒྲོལ་མ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-03
ད་ལོ་ནས་བཟུང་། བཙན་ལྷ་རྫོང་གིས་གྲོང་གསེབ་དར་རྒྱས་ཀྱི་འབྲེལ་ཡོད་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཞིང་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རོགས་དང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་སྐྲུན་ཚད་ཇེ་མགྱོགས་སུ་བཏང་བ། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་སུ་བཏང་བ། གྲོང་གསེབ་དར་སྤེལ་གྱི་རྨང་གཞི་སྲ་བརྟན་དུ་བཏང་།
ཐོན་ལས་རིམ་སྤར་ལ་སྐུལ་འདེད་བཏང་། སྔོ་ཚལ་འདེབས་གསོའི་དཔེ་སྟོན་རྟེན་གཞི་མུའུ་1000དང་འབྲི་གཡག་གསོ་ཚགས་རྟེན་གཞི་5གསར་སྣོན་བྱས་ཤིང་། སྔོན་དཔག་བྱས་ན་ལོ་ཧྲིལ་བོར་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་7.1དང་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་2.8ཟིན་པ་དང་། ལྗོངས་རྒྱུ་བ་མི་ཐེངས་ཁྲི་144.3ལ་སྣེ་ལེན་བྱས་ཏེ་ལྗོངས་སྐོར་ཡོང་འབབ་སྒོར་དུང་ཕྱུར་10.6ཟིན་ལ། དྲྭ་ཐོག་ཚོང་དོན་ཉོ་ཚོང་དངུལ་འབོར་སྒོར་ཁྲི་4500ཟིན།
འགྲིམ་འགྲུལ་འཛུགས་སྐྲུན་མགྱོགས་སུ་བཏང་། ཧྲོང་ཆའོ་ལུང་ཤུར་ནས་རྫོང་གྲོང་གི་གསར་བརྗེའི་ལྗོངས་སྐོར་གཞུང་ལམ་དང་སྐུ་བླ་རི་བོའི་ས་མཚམས་ཀྱི་གཞུང་ལམ་རྣམ་གྲངས་ཕྱོགས་ཡོངས་ནས་ལས་མགོ་ཚུགས་པ་དང་རིམ་རྩིས་བྱས་པ་ལྟར་ན་མ་དངུལ་སྒོར་དུང་ཕྱུར་10.1བཏང་། མ་དངུལ་སྒོར་དུང་ཕྱུར་1.95བཏང་ནས་འགྲིམ་འགྲུལ་གནས་གཏན་འཁེལ་གྱི་དབུལ་སྐྱོར་རྣམ་གྲངས་18མགྱོགས་མྱུར་ངང་སྐུལ་འདེད་བཏང་བ་དང་། རིམ་རྩིས་བྱས་པ་ལྟར་ན་སྒོར་དུང་ཕྱུར་3.53བཏང་ནས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་73ལེགས་གྲུབ་བྱུང་ཡོད།
སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ། མི་ཐབས་ལ་བརྟེན་ནས་ནགས་བཟོ་མུའུ་4783དང་སྡོང་རྐང་ཁྲི་13.5། སྔོ་ལྗང་ནགས་བཟོ་མུའུ་625གསར་དུ་བསྣན་ཞིང་། ས་ཆུ་སྲུང་འཛིན་དང་ས་གཤིས་གནོད་འཚེ་བཅོས་སྐྱོང་སོགས་ཀྱི་རྣམ་གྲངས་9ལག་བསྟར་བྱས་པ། ཆུ་གྲོན་ཆུང་གི་ཞིང་ཆུ་འདྲེན་ཁྱོན་མུའུ་3730གསར་དུ་བསྣན་པ་དང་། ས་ཆུ་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་20.3བཅོས་སྐྱོང་བྱས་ལ། གྲོང་ཚོ་7གྱི་ཁྱིམ་ཚང་917གྱི་སྤྱོད་ཁང་སྒྱུར་བཀོད་བྱས་སོ།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1