“རྒྱལ་ཁབ་སྤྱི་གླིང་ཞིང་ཆེན”མཚོ་སྔོན།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-06


    མཚོ་སྔོན་གྱི་མཛེས་སྡུག་ནི་རི་བརྗིད་པོ་དང་ཆུ་དྭངས་མོར་གནས་ཏེ། ཁོངས་ཡོངས་སུ་ཁུ་ནུ་རི་རྒྱུད་ཀྱིས་འཕྲེད་དུ་བཅད་ཡོད་པ་དང་། གཙང་གསུམ་ཆུ་བོ་དྲག་ཏུ་འབབ་པ། མཚོ་སྔོན་པོ་ཡངས་ཤིང་རྒྱ་ཆེ་བ། མདོ་ལ་རི་བོའི་ནགས་ཚལ་སྟུག་ཅིང་རྫོབ། དེ་ནི་རིའི་རྒྱལ་པོ་དང་ཆུའི་མགོ་ཁུངས་ཀྱི་སྣོལ་མཚམས་དུ་གནས་ཡོད།

   མཚོ་སྔོན་གྱི་མཛེས་སྡུག་ནི་སྐྱེ་ཁམས་ཀྱི་ཆེ་བའི་སྟེང་ཡོད་དེ། སྐྱེ་ཁམས་ཐོན་ཁུངས་ཀྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་ཁྲི་18.39ཟིན་པ་དང་། ལོ་རེར་སྨད་རྒྱུད་དུ་སྨི་གྲུ་བཞི་མ་དུང་ཕྱུར་600ལྷག་གི་རྒྱུག་ཆུ་སྐྱེལ་བཞིན་པ་དང་། སྐྱེ་ཁམས་ཞབས་ཞུའི་སྤྱིའི་རིན་ཐང་ནི་སྒོར་དུང་ཕྱུར་7300ཡིན་པ། ནམ་ཟླ་སྙོམ་སྒྲིག་དང་སྐྱེ་དངོས་སྲུང་སྐྱོང་སོགས་ལ་བྱེད་ནུས་རང་བཞིན་གྱི་རིན་ཐང་གཞལ་དུ་མེད་པ་ཕུལ་ཡོད་པ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་རེད། 


    མཚོ་སྔོན་གྱི་མཛེས་སྡུག་ནི་“རྒྱལ་ཁབ་སྤྱི་གླིང་”གི་མིང་བྱང་ཐོག་ཡོད་དེ། གཙང་གསུམ་ཆུ་མགོ་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བརྟན་པོའི་ངང་སྐུལ་སྤེལ་གཏོང་བ་དང་། རང་རྒྱལ་གྱི་རྒྱ་ཁྱོན་ཆེས་ཆེ་བ་དང་རྒྱ་མཚོའི་ངོས་ལས་ས་བབས་མཐོ་ཤོས་ཀྱི་འཛམ་གླིང་རང་བྱུང་རྗེས་ཤུལ་རྨ་ཆེན་གངས་རྒྱབ་ཡོད་ཅིང་། རྒྱལ་ཡོངས་ཀྱི་“སྒྲིག་སྲོལ་ཟུང་ ”གི་ཚོད་ལྟ་བྱ་ཡུལ་གྱི་ཞིང་ཆེན་ཐོག་མ་དེ་རེད། 

   མཚོ་སྔོན་ཞིང་ཆེན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་ཞིང་། ཆེས་ཆེ་བའི་འགན་འཁྲི་ནི་སྐྱེ་ཁམས་ཡིན་ལ། ཆེས་ཆེ་བའི་མི་མངོན་པའི་ནུས་ཤུགས་ཀྱང་སྐྱེ་ཁམས་རེད། ཞིང་ཆེན་སྟོད་སྨད་ཡོངས་ཀྱིས་རྒྱུན་ཆད་མེད་པར་“ཆེས་ཆེ་བ་གསུམ་”ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་རིག་གནས་བསམ་བློ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། “ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ནུས་ཤུགས་ཆེན་པོས་“ཕུལ་བྱུང་གཅིག་དང་མཐོ་བ་གཉིས”སྐུལ་འདེད་གཏོང་བ། མུ་མཐུད་དུ་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཟབ་སྤེལ་བཅས་བྱས་ཡོད་པས། “རྒྱལ་ཁབ་སྤྱི་གླིང་ཞིང་ཆེན”ནི་མཚོ་སྔོན་ཞིང་ཆེན་གྱི་ཆེས་མཛེས་སྡུག་ལྡན་པའི་མིང་བྱང་དང་ཆེས་འོད་མདངས་བཀྲ་བའི་རྟགས་མཚོན་དུ་གྱུར་ཡོད། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1