ཉེ་བའི་ལོ་ཤས་རིང་། རང་རྒྱལ་དུ་སྐྲན་ནད་ཕོག་མཁན་མང་དུ་འགྲོ་ཡི་ཡོད་པ་དང་། མཆིན་པར་སྐྲན་ནད་ཕོག་ཚད་སྐྲན་ནད་གཞན་དག་ལས་མང་བ་ཡོད།
མཆིན་པའི་དབང་རྩར་ཟུག་བརྒྱབ་ནའང་ཚོར་སྣང་ཡོང་གི་མེད། དེར་བརྟེན་མཆིན་ནད་ཕོག་ཀྱང་ན་ཚ་གཏོང་གི་མེད་པས་ནད་གཞི་རྟོགས་ཁག་པོ་ཡོད། གཞན་ཡང་། མཆིན་པ་གསོ་སླ་པོ་ཡོད།
རླམ་རྩི་སེར་པོའི་དུག(黄曲霉毒素 )ནི་རླམ་རྩི་སེར་པོ་དང་གཞན་རྟེན་རླམ་པ་ལས་ཐོན་པའི་དུག་ཡིན་པས། མིག་སྔར་ཤེས་པའི་ངན་སྐྲན་གྱི་རྫས་འགྱུར་གྱི་རྒྱུ་ཆེ་ཤོས་དེ་རེད།
དང་པོ། ཡུན་རིང་པོ་སྤྱད་པའི་ཟ་ཐུར།
མི་མང་ཆེ་བས་ཟ་ཐུར་བཀྲུས་རྗེས་སྐམ་གྱི་མེད་པས། རླམ་རྩི་སེར་པོའི་དུག་ཆགས་སླ་པོ་ཡོད། དེར་བརྟེན་ཟ་ཐུར་བཀྲུས་རྗེས་དེའི་ངོས་སུ་ཧམ་སྤུ་བརྒྱབ་ཡོད་མེད་ལ་ལྟ་དགོས།
ཡག་ཤོས་བྱུང་ན་ཟ་ཐུར་ལོ་ཕྱེད་རེར་བརྗེ་དགོས། བེད་སྤྱོད་བྱས་ཟིན་རྗེས་དུས་ཐོག་ཏུ་གཙང་མ་བཀྲུས་ནས་སྐམ་དགོས་པའམ་ཡང་ན་ལྕགས་ཀྱི་ཟ་ཐུར་སྤྱད་ན་ལེགས།
གཉིས་པ། དྲི་མ་ཡོད་པའི་ཟ་སྣུམ།
ཟ་སྣུམ་ནི་ཁ་ལག་བཟོ་སྐབས་མེད་དུ་མི་རུང་བ་ཞིག་རེད། འོན་ཀྱང་ཟ་སྣུམ་འགའ་ཤས་དབོར་འདྲེན་དང་གསོག་འཇོག་བྱེད་སྐབས། བཞའ་ཚན་ཆེ་བའི་དབང་གིས་ཧམ་སྤུ་རྒྱག་གི་ཡོད་པས། རླམ་རྩི་སེར་པོའི་དུག་འགོ་སླ་པོ་ཡོད།
གལ་ཏེ་ཟ་སྣུམ་ལ“ཧམ་དྲི”ཡོད་ན་ཚལ་རྔོ་སྐབས་དྲི་མ་ངར་པོ་ཞིག་བྲོ་ཡི་ཡོད་པས། ཟ་སྣུམ་འདི་འདྲ་བེད་སྤྱོད་བྱ་མི་ཉན། གཞན་མ་གཏོགས་སྐྲན་ནད་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་སྲིད།
གསུམ་པ། ཧམ་སྤུ་བརྒྱབ་པའི་ཨ་ཤོམ་དང་འབྲུ་རིགས།
སིང་ཕྱེའི་འདུས་ཚད་མཐོ་པོ་ཡོད་པའི་ཟས་རིགས་ལ་རླམ་རྩི་སེར་པོའི་དུག་ལྡན་སླ་པོ་ཡོད། དཔེར་ན། ཨ་ཤོམ་དང་བ་དམ་སོགས་ལ་ཧམ་སྤུ་བརྒྱབ་ཚེ་རླམ་རྩི་སེར་པོའི་དུག་གི་འདུས་ཚད་མཐོ་པོ་ཡོད།
མཆིན་པ་ཡག་པོ་མེད་ན། གཤམ་གྱི་ནད་རྟགས་ཐོན་སྲིད།
དང་པོ། གྲོད་ཁོག་གི་གཞོགས་གཡས་པར་ན་ཟུག་གཏོང་གི་ཡོད།
གྲོད་ཁོག་གི་གཞོགས་གཡས་པར་ན་ཟུག་བཏང་ན་མཆིན་པར་ན་ཚ་སླེབས་པའི་རྟགས་རེད། གང་ཡིན་ཟེར་ན་མཆིན་པ་གནས་འདིར་ཡོད། དུས་རྒྱུན་མཆིན་པ་ལག་པས་རེག་གི་མེད་པས། གལ་སྲིད་མཆིན་པ་སྐྲངས་ཚེ་གནས་འདིར་སྐྲངས་འབུར་དོན་གྱི་ཡོད་པས། ངེས་པར་དུ་དོགས་ཟོན་བྱེད་དགོས།
གཉིས་པ། ཤ་སྐམ་པ་དང་གཟུགས་པོར་ཤུགས་མེད་པ།
ནད་གཞི་མང་པོས་ཤ་སྐེམ་པ་དང་ཤུགས་མེད་པར་གྱུར་གྱི་ཡོད། གལ་ཏེ་མཆིན་ཚད་ཁ་པའི་གཅོང་ནད་དང་། ཡུན་རིང་པོ་ཆང་རག་འཐུང་བ། རྟག་ཏུ་མཚན་འཁྱོངས་སོགས་བྱས་ནས་གོང་གི་ནད་རྟགས་ཐོན་ན་མཆིན་པར་ནད་ཕོག་ནས་གཟུགས་པོར་འཚོ་བཅུད་མི་འདང་བ་དང་ཟས་རིགས་ཡག་པོ་མི་འཇུ་བ་ལས་བྱུང་བའི་རྟགས་རེད།
གསུམ་པ། གཅིན་པ་སེར་རྐྱང་ཡིན་པ།
མཆིན་པར་ནད་ཕོག་རྗེས་མཁྲིས་པའི་དམར་གཤེར་ཁྲག་རྒྱུན་ནང་དུ་ལུས་ནས། མཁལ་མ་ནས་ཕྱིར་དོན་གྱི་ཡོད་པས། གཅིན་པའི་ཚོས་གཞི་ལོག་ནས་སེར་པོ་ཆགས་ཀྱི་ཡོད།