སི་ཁྲོན་རྔ་བ་ཁུལ་གྱི་མཐོ་ཚད་ལ་སྨི་26ཡོད་པའི་མ་ཎི་རང་འཁོར་ཆེན་པོ།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-17


སྤྱི་ཟླ་11པའི་ཚེས་15ཉིན། གསར་འགོད་པས་སི་ཁྲོན་རྔ་བ་ཁུལ་བཙན་ལྷ་རྫོང་སྤྱན་རས་གཟིགས་ལྷ་ཁང་གི་འདབས་སུ་མ་ཎིོ་འཁོར་ལོ་ཆེན་པོ་ཞིག་མཐོང་ཞིང་། གསེར་མདོག་གི་ལཉྫ་དང་ཚོན་མདངས་རྣམ་པར་བཀྲ་བའི་པ་ཏྲ་སོགས་བྲིས་ཏེ་མཛེས་པར་བརྒྱན་པའི་མ་ཎི་འཁོར་ལོ་ཆེན་པོ་འདི་ནི། གློག་ཤུགས་ལ་བརྟེན་ནས་རང་འཁོར་བརྒྱག་བཞིན་ཡོད་ལ། འདིའི་མཐོ་ཚད་ལ་སྨི་26ཡོད་པ་དང་། ཚངས་ཐིག་ལ་སྨི་10ཡོད། མ་ཎི་འཁོར་ལོ་འདིའི་ནང་དུ་ཏུན་20ཡོད་པའི་བཀའ་འགྱུར་གྱི་གསུང་རབ་གཟུངས་འཇུག་བྱས་ཡོད་ལ།  ལྡེབས་རིས་1000དང་། ཐང་ག་1000ཡོད། དེ་མིན་སྤྱན་རས་གཟིགས་ཕྱག་བཞི་བའི་གསེར་གྱི་སྐུ་འདྲ་1000བཅས་ཡོད་པ་ལ། བསྡོམས་པས་ལྗིད་ཚད་ལ་ཏུན་140ཡོད། མ་ཎི་འཁོར་ཆེན་འདི་སྐར་ཆ་ལྔ་ཡི་ནང་སྨི་གཅིག་འཁོར་བཞིན་ཡོད། འདི་ནི་བོད་ཁུལ་གྱི་དཔེ་མཚོན་རང་བཞིན་ལྡན་པའི་བཟོ་བཀོད་ཅིག་ཡིན་ཏེ། གཟི་བརྗིད་ཀྱི་དཔལ་འབར་བའི་མ་ཎི་འཁོར་ཆེན་ཞིག་ཀྱང་ཡིན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1