སྤྱི་ཟླ་11པའི་ཚེས་7ཉིན། བོད་ཀྱི་རིག་གནས་ལ་དགའ་མོས་ཆེ་བའི་སྤྱི་ཚོགས་མི་སྣ་བཀྲ་ཤིས་རྡོ་རྗེ་ལགས་ཀྱིས་རང་ཉིད་ཀྱིས་ཉར་ཚགས་བྱས་པའི་དཔེ་རྙིང་རྩ་ཆེན་ཏེ་《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ།》ཡི་གླེགས་བམ་གསུམ་པ་བོད་ལྗོངས་སློབ་ཆེན་དུ་ཕུལ་ཞིང་། ངོ་སྤྲོད་བྱས་པ་ལྟར་ན་དངུལ་བྲིས་མའི་གླེགས་བམ་དེ་ནི་དུས་རབས་18པའི་སྐབས་ཀྱི་དཔེ་རྙིང་ཞིག་ཡིན་པ་དང་། ཁྱོན་བསྡོམས་ཤོག་ལེབ་464ཡོད་འདུག །