ཞི་ཅིན་ཕིང་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་ལ་གཙོ་སྐྱོང་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 01-17


        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་ལས་དོན་སྙན་ཞུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ལས་དོན་སྙན་ཞུར་ཉན་པ་དང་ཞིབ་འཇུག་བྱས་པའི་ཕྱོགས་བསྡུས་གནས་ཚུལ་སྙན་ཞུ་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་བཞི་པའི་སྐོར་ཞིབ་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུ། སྤྱི་ལོ་2019ལོའི་ཀྲུང་དབྱང་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་གཙོ་གནད་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
     ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་དང་པོའི་ཚེས་16ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་ལས་དོན་སྙན་ཞུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ལས་དོན་སྙན་ཞུར་ཉན་པ་དང་ཞིབ་འཇུག་བྱས་པའི་ཕྱོགས་བསྡུས་གནས་ཚུལ་སྙན་ཞུ་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་བཞི་པའི་སྐོར་ཞིབ་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུ། སྤྱི་ལོ་2019ལོའི་ཀྲུང་དབྱང་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་གཙོ་གནད་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་བཅས་ཀྱི་སྤྱི་ལོ་2019ལོའི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་དང་འབྲེལ་སྤྱི་ལོ་2020ལོའི་ལས་དོན་བཀོད་སྒྲིག་བྱ་རྒྱུར་མོས་མཐུན་བྱུང་ཡོད། ཚོགས་འདུའི་ཐོག འདས་ཟིན་པའི་ལོ་གཅིག་ནང་། ཏང་ཙུའུ་5ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་གཞིགས་ནས་ལས་དོན་ཏན་ཏིག་སྒྲུབ་པ། ཏང་ཙུའུ་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཏང་དོ་དམ་དང་ཏང་ནན་སྐྱོང་གི་བྱེད་པོའི་འགན་འཁྲི་རང་རྟོགས་ངང་སྒྲུབ་པ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་དང་སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོ་བརྟན་ལྷིང་ཡོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་ཅིང་། ཕྱོགས་ཁག་གི་ལས་དོན་ལ་ཕན་འབྲས་གསར་པ་ཐོབ་ཡོད། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་འགན་གཙང་སྒྲུབ་ནན་ཏན་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུ་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། མང་ཚོགས་ཚོགས་པའི་ལས་དོན་དང་མང་ཚོགས་ཚོགས་པའི་སྒྱུར་བཅོས་ལ་མཛུབ་ཁྲིད་བྱ་རྒྱུ། ཏང་ཀྲུང་དབྱང་ལ་གཞོགས་འདེགས་ཀྱིས་འབྲེལ་ཡོད་བྱེད་སྒོ་གལ་ཆེན་སྒྲིག་འཛུགས་དང་མཐུན་སྦྱོར་བྱ་རྒྱུ་སོགས་ཀྱི་ཐད་ལས་དོན་འབོར་ཆེན་བསྒྲུབས་ཡོད་པའི་ངོས་འཛིན་བྱས་ཡོད།
     ཚོགས་འདུའི་ཐོག འདི་ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུ་དང་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པ་མཇུག་བསྡུ་བའི་ལོ་ཞིག་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཐོག བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ་དང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་རྩ་དོན་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་དམིགས་འབེན་དང་ལས་འགན་ལ་དམ་པོར་གཞིགས་ཏེ། རང་འགན་གཙང་སྒྲུབ་དང་འགན་འཁྲི་འཁུར་ཕོད་པ་བྱེད་པ། རིགས་ཁག་གི་ཉེན་ཁར་ཞིབ་འཇུག་དང་བརྡར་ཤ་ཡག་པོ་གཅོད་པ་དང་དོགས་ཟོན་དང་དེ་སེལ་ཐུབ་པ་བྱེད་པ་བཅས་བྱས་ནས། ཏང་ཀྲུང་དབྱང་གི་བྱེད་ཕྱོགས་ཆེན་པོ་དང་ཐབས་ཇུས་བཀོད་སྒྲིག་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་དགོས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་གཞིར་བཟུང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་བྱེད་པ། ཏང་ཙུའུ་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ནན་ཏན་ངང་སྒྲུབ་པ། ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། རྒྱུན་བསྲིངས་ལྷོད་མེད་ངང་སྤྱོད་ཚུལ་ངན་པ་བཞི་བཅོས་སྒྲིག་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་འཁྱོངས་བཅས་བྱེད་དགོས། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་སྣེ་ཁྲིད་དེ་འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ། ཀྲུང་དབྱང་ཆབ་སྲིད་ཅུས་དང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་བཀོད་སྒྲིག་ལ་གཞིགས་ནས། གཙོ་གནད་མངོན་གསལ་དོད་དུ་གཏོང་བ་དང་། ལས་དོན་ཏན་ཏིག་བསྒྲུབས་ཏེ། ཏང་ཀྲུང་དབྱང་གིས་སྤྲད་པའི་ལས་འགན་ཁག་ལེགས་སྒྲུབ་ཡག་པོ་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།
     ཚོགས་འདུའི་ཐོག སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་བཞི་པའི་སྐོར་ཞིབ་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས་ཆབ་སྲིད་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་བྱས་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཙུའུ་དང་ཏང་ཨུད་ཀྱིས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲིའི་འདུ་ཤེས་སྤྱིའི་ཆ་ནས་མཐོ་རུ་ཕྱིན་པ་དང་། ཏང་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། ལས་དོན་ཁག་ཡར་རྒྱས་དང་ལེགས་པའི་ཕྱོགས་སུ་འགྲོ་བའི་རྣམ་པ་ཐོན་མོད། འོན་ཀྱང་ད་དུང་མངོན་གསལ་དོད་པའི་གནད་དོན་ཁག་ཅིག་ལྷག་ཡོད། སྐོར་ཞིབ་དག་ཐེར་དང་གྲུབ་འབྲས་བཀོལ་སྤྱོད་དམ་འཛིན་ཡག་པོ་བྱེད་པ་དང་། དག་ཐེར་ཡོ་བསྲང་གི་འགན་འཁྲི་ནན་དུ་གཏོང་བ། རྒྱུན་ལྡན་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། དག་ཐེར་ཡོ་བསྲང་བྱས་ཚུལ་འགོ་ཁྲིད་ཚན་པར་ཕྱོགས་བསྡུས་དཔྱད་ཞིབ་བྱེད་པའི་ནང་དོན་གལ་ཆེན་དུ་བཅུག་ནས་ལམ་ལུགས་ཀྱི་གཅུན་སྡོམ་ཆགས་པར་བྱེད་དགོས་ཞེས་བསྟན་ཡོད། ཚོགས་འདུའི་ཐོག ཏང་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་ཁྲོད་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་དམིགས་བསལ་གནས་བབ་གལ་ཆེན་དུ་གནས་པ་ནི་སྲུང་སྐྱོང་གཉིས་ལག་ལེན་བསྟར་བའི་རུ་སྟར་དང་པོ་དེ་ཡིན་ཞིང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་སྣེ་ཁྲིད་རྒྱུར་ཤུགས་སྣོན་རྒྱག་པ་དང་། འདུ་ཤེས་བཞི་ཆེ་རུ་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ། འགན་ནུས་དང་འགན་འཁྲི་ཟུང་འབྲེལ་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཏང་གི་འགོ་ཁྲིད་ཁྱབ་ཁོངས་ཁག་དང་ཕྱོགས་ཁག་གི་ལྷུ་ཚིགས་ཁག་ཏུ་དོན་འཁྱོལ་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། དོ་ཞིང་ནན་པའི་སྤྱིའི་རྩ་དོན་ཡུན་རིང་མཐའ་འཁྱོངས་བྱེད་པ། རུལ་སུངས་ཆད་གཅོད་ཀྱི་མཐོ་གནོན་རྣམ་པ་རྒྱུན་འཁྱོངས་བྱེད་པ། དབང་ཆར་ལྟ་སྐུལ་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མུ་མཐུད་བཅོས་སྒྲིག་བྱེད་པ། ལས་ཁུངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་དང་། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་རྒྱག་དགོས། སྐོར་ཞིབ་དག་ཐེར་དང་ཟུང་འབྲེལ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད། 
     ཚོགས་འདུའི་ཐོག་ཀྲུང་དབྱང་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་སྤྱི་ལོ་2019ལོའི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་དང་འབྲེལ་སྤྱི་ལོ་2020ལོའི་ལས་དོན་བཀོད་སྒྲིག་ལ་མོས་མཐུན་བྱས་ཡོད། ཚོགས་འདུའི་ཐོག་ཏང་ཀྲུང་དབྱང་གིས་སྐོར་ཞིབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཞིབ་འཇུག་བཀོད་སྒྲིག་གནང་སྟེ། སྐོར་ཞིབ་ལས་དོན་གཏིང་ཟབ་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་། སྐོར་ཞིབ་ལས་དོན་གྱི་རྣམ་པ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ། ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ་བཅས་བྱས་ཡོད་པས་གྲུབ་འབྲས་སྔར་བས་མངོན་གསལ་དོད་དུ་ཕྱིན་པའི་ངོས་འཛིན་བྱས་ཡོད། ཚོགས་འདུའི་ཐོག སྐོར་ཞིབ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མཚོན་ཆ་རྣོན་པོ་ཞིག་དང་གནད་དོན་ཤེས་རྟོགས་བྱེད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་ནུས་ལྡན་ཞིག་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྐོར་ཞིབ་ལས་དོན་གྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཆབ་སྲིད་སྐོར་ཞིབ་ཀྱི་བླང་བྱ་དོན་འཁྱོལ་བྱེད་པ། སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགན་འཁྲི་དང་ལས་འགན་ལ་དམིགས་པ། ལམ་ལུགས་ལག་བསྟར་དང་དབང་ཆ་འཁོར་སྐྱོད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྐོར་ཞིབ་སྐོར་དཔྱོད་གོང་འོག་མཉམ་འགུལ་གྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་སྐོར་ཞིབ་ལས་དོན་ལ་མཛུབ་ཁྲིད་ལྟ་སྐུལ་དང་ཀྲུང་དབྱང་ཚན་པའི་སྐོར་ཞིབ་ལས་དོན་ལ་རིགས་དབྱེའི་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། སྐོར་ཞིབ་དང་ལྟ་སྐུལ་གཞན་དག་འབྲེལ་མཐུད་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།
     ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1