མཇལ་སྐོར་ལ་ཕེབས་པའི་དད་ལྡན་མང་ཚོགས།
སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཆུ་ཆེན་རྫོང་གི་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོའི་ལྷ་ཁང་ལ་མཇལ་སྐོར་དུ་ཕེབས་པའི་དད་ལྡན་མང་ཚོགས།
2014ལོའི་སྤྱི་ཟླ་11པའི་ཚེས་15ཉིན། གསར་འགོད་པ་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཆུ་ཆེན་རྫོང་གི་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོའི་ལྷ་ཁང་བཞུགས་སར་སོང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཁྲོ་སྐྱབས་ཐུགས་རྗེ་ཆེན་པོའི་ལྷ་ཁང་ནི་སྤྱི་ལོའི་དུས་རབས་བདུན་པའི་སྐབས་སུ་བཞེངས་ཤིང་། ལྷ་ཁང་དུ་སྤྱན་རས་གཟིགས་ཕྱག་བཞི་བའི་སྐུ་འདྲ་བཞུགས་ཡོད་པས་མཚན་སྙན་ཀུན་ལ་ཁྱབ་ཡོད། ད་ལྟའི་བར་ལོ་ངོ་1300ཡི་ལོ་རྒྱུས་ལྡན་ཞིང་། རྒྱལ་ཡོངས་བོད་ཁུལ་གྱི་ས་ཆ་སོ་སོའི་སྤྱན་རས་གཟིགས་ཀྱི་ལྷ་ཁང་ཡོད་དོ་ཅོག་གི་ཁྲོད་དུ་གོ་གནས་དང་ཤུགས་རྐྱེན་ངེས་ཅན་ཞིག་ཡོད་པས། ལོ་ལྟར་གནས་འདིར་མཇལ་སྐོར་དུ་ཕེབས་པའི་དད་ལྡན་མང་ཚོགས་ཤིན་ཏུ་མང་པོ་ཡོད་ལ། གནས་འདིར་མཇལ་ཐུབ་པ་ནི་ཁོང་ཚོའི་ཚེ་གང་གི་རེ་བ་ཉག་ཅིག་ཏུ་བསམ་ཡོད། །