རྟེན་འབྲེལ་དཔེ་དེབ་དྲ་བ་དངོས་སུ་ཤར་གཏོང་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-19


རྟེན་འབྲེལ་དཔེ་དེབ་དྲ་བའི་གཙོ་ངོས།

           སྤྱི་ཟླ་11པའི་ཚེས་17ཉིན་ཏེ་རྒྱལ་སྤྱིའི་སློབ་མའི་དུས་ཆེན་དང་བསྟུན་ནས། དུས་ཡུན་རིང་པོར་གྲ་སྒྲིག་བྱས་པའི་བོད་ཡིག་གི་ཚོང་དྲ་ཐོག་མ་རྟེན་འབྲེལ་དཔེ་དེབ་དྲ་བ་དངོས་སུ་ཤར་གཏོང་བྱས་ཡོད། རྟེན་འབྲེལ་དྲ་བ་ནི་སི་ཁྲོན་རྟེན་འབྲེལ་གློག་རྡུལ་ཚོང་ལས་ཚད་ཡོད་སྤྱི་གཉེར་ཁང་གིས་གསར་བསྐྲུན་བྱས་པའི་དྲ་ཐོག་བོད་ཡིག་དཔེ་ཁང་ཞིག་ཡིན་ལ། བོད་ཀྱི་ཕ་སྐད་མ་ཡིག་དང་དེང་རབས་དྲ་རྒྱའི་ལག་རྩལ་ཟུང་འབྲེལ་སྒོས་ཚོད་ལྟའི་གོམ་ཁ་སྤོ་བཞིན་པའི་ཤེས་རིག་གི་སྟེགས་བུ་ཞིག་ཀྱང་ཡིན། སྐྱ་སེར་རིས་མེད་ཀྱི་ཀློག་པ་པོ་དང་སློབ་གཉེར་བ་རྣམས་ལ་སྟབས་བདེ་བཟོ་བ་དང་། ཁོ་ཚོའི་དཔེ་དེབ་ལྟ་ཀློག་གི་དགོས་མཁོ་ལེགས་པར་བསྐོང་རྒྱུ་ནི་རྟེན་འབྲེལ་དཔེ་དེབ་དྲ་བའི་ཞབས་ཞུའི་དམིགས་ཡུལ་གཙོ་བོ་རེད།

             དྲ་བ་འདིར་བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲ་ངོས་བཟོས་ཡོད་ལ། རྒྱལ་ནང་གི་ཚད་ལྡན་དཔེ་སྐྲུན་ལས་ཁུངས་སོ་སོས་དཔར་བའི་བོད་ཡིག་དཔེ་དེབ་རིགས་མི་འདྲ་བ་སྟོང་ཕྲག་ལྷག་ཆབས་ཅིག་ཏུ་བསྡུས་ཤིང་། དག་སྒྲིག་དང་གདམ་གསེས་ཞིབ་མོ་བགྱིས་ཏེ་རིགས་དབྱེའི་དཀར་ཆག་དང་བཅས་ཀུན་གྱི་མཐོང་ལམ་དུ་བཤམས་ཡོད་པར་མ་ཟད། ཆོས་ལུགས་ཀྱི་གླེགས་བམ་སྣ་རིང་དང་རྒྱ་ཡིག་གི་དཔེ་དེབ་ལེགས་ཤོས་ཁག་ཅིག་ཀྱང་ཞོར་དུ་བདམས་ནས་འོས་སྦྱོར་བྱས་ཡོད།   དྲ་ཐོག་ནས་དཔེ་དེབ་འཚོལ་བཤེར་དང་ཉོ་ཐོ་འགོད་པ་དང་། དྲ་ཕྱི་ནས་དཔེ་དེབ་ཉོ་མཁན་གྱི་ལག་ལ་དངོས་སུ་སྐྱེལ་བའི་ཞབས་ཞུའི་གོ་རིམ་དཀྱུས་གཅིག་ཏུ་འབྲེལ་བར་བྱས་ཤིང་། དེང་དུས་ཡོངས་ཁྱབ་ཀྱི་ཕྱོགས་གསུམ་པས་བར་དཔང་བྱེད་པའི་དྲ་ཐོག་ཉོ་ཚོང་གི་ཚད་ལྡན་འགྲོ་ལུགས་ལྟར་དེབ་རིན་རྩིས་སྤྲོད་བྱེད་པ་ཡིན། དྲ་བའི་ཇུས་འགོད་ལུགས་མཐུན་ཡིན་པས་བཀོལ་སྤྱོད་བྱེད་བདེ་ལ་ཉོ་འཚོང་ཕྱོགས་གཉིས་ཀའི་ཁྲིམས་མཐུན་ཁེ་དབང་ཡང་སྲུང་སྐྱོབ་ཡག་པོ་བྱེད་ཐུབ། རྗེས་ཕྱོགས་རྟེན་འབྲེལ་དཔེ་དེབ་དྲ་བས་བོད་ཡིག་ཀློག་མཁན་རྣམ་པའི་རྒྱབ་སྐྱོར་དང་ཐུགས་ཁུར་ལ་བརྟེན་ནས་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་རྒྱས་ཇེ་ལེགས་སུ་གཏོང་འཆར་ཡོད་ལ། འབྲེལ་ཡོད་དེབ་འཕྲིན་ཁག་གཙོ་བྱས་སྲིད་འབྱོར་རིག་གསུམ་གྱི་ཆ་འཕྲིན་རིན་ཐང་ཅན་གང་མང་དུས་ལྟར་སྤེལ་ངེས་ཡིན་པས་ཀུན་གྱིས་དོ་སྣང་དང་རྒྱབ་སྐྱོར་གནང་རོགས།

          2014ལོའི་སྤྱི་ཟླ11པའི་ཚེས1ཉིན་ནས་བཟུང་། རྟེན་འབྲེལ་དྲ་བས་དངོས་སུ་ཚོང་གཉེར་བྱེད་འགོ་བརྩམས་ཟིན་པས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་རང་ལ་མཁོ་བའི་དཔེ་དེབ་ཅི་རིགས་དྲ་བ་འདི་བརྒྱུད་ནས་བླུ་ཐུབ་ལ། ལག་ལེན་གྱི་གོ་རིམ་ནང་ཧ་མི་གོ་ས་ཡོད་ན་གཤམ་གྱི་འབྲེལ་ལམ་གང་རུང་སྤྱད་དེ་རྟེན་འབྲེལ་དཔེ་དེབ་དྲ་བའི་ལས་གཉེར་བར་འདྲི་རྩད་ཞིབ་མོ་གནང་ཆོག །

http://www.tbdanz.com/


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1