ཞི་ཅིན་ཕིང་གིས་ཨོ་སི་ཐྲ་ལི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་དུ་གསུང་བཤད་གལ་ཆེན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-19


              སྤྱི་ཟླ་11པའི་ཚེས་17ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨོ་སི་ཐྲ་ལི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་དུ། མཉམ་དུ་ཀྲུང་གོ་དང་ཨོ་སི་ཐྲ་ལི་ཡའི་འཕེལ་རྒྱས་ཀྱི་ཕུགས་འདུན་འཚོལ་བ་དང་དཔུང་བ་མཉམ་གཤིབས་ཀྱིས་ས་ཁུལ་དར་རྒྱས་བརྟན་བརླིང་ཡོང་བ་མངོན་འགྱུར་བྱེད་པ་ཞེས་པའི་ཁ་བྱང་ཐོག་གསུང་བཤད་གལ་ཆེན་གནང་། ཀྲུང་གོའི་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུ་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཐད་ཀྱི་སྲིད་ཇུས་འགྲེལ་བརྗོད་དང་སྦྲགས། ཀྲུང་ཨོ་རྒྱལ་ཁབ་གཉིས་ཀྱིས་མཐུན་སྒྲིལ་མཉམ་ལས་ཀྱིས་ཡར་རྒྱས་གོང་འཕེལ་ཡོང་བར་བྱས་ཏེ། ཀྲུང་ཨོ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་ལས་ཡག་པོ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་པ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་ཞི་བདེ་དང་བརྟན་བརླིང་། དར་རྒྱས་འགྲོ་བའི་རྣམ་པ་གསར་པ་ཞིག་ཡོང་བར་བྱ་དགོས་ཞེས་ནན་གྱིས་བསྟན།

                ཞི་ཅིན་ཕིང་གིས། ཀྲུང་གོ་ཡིས་ནམ་ཡང་ཨོ་སི་ཐྲ་ལི་ཡ་ལ་རོགས་ཟླ་གཙོ་བོའི་འབྲེལ་བར་བཟུང་ཡོད། ང་རང་འདིར་འཚམས་འདྲི་ལ་ཡོང་བའི་རིང་།  ཕྱོགས་གཉིས་ཀས་ཀྲུང་ཨོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་རུ་འཛུགས་རྒྱུ་ཡིན་པ་མ་ཟད། ཀྲུང་ཨོ་རྒྱལ་ཁབ་གཉིས་ཀྱི་རང་མོས་ཉོ་ཚོང་མཐུན་ཚོགས་ཀྱི་བགྲོ་གླེང་མཇུག་སྒྲིལ་བ་ཁྱབ་བསྒྲགས་བྱ་རྒྱུ་ཐག་གཅོད་བྱས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1